[A:༦༡༩ན]ལེགས་བཤད་འདུས་པའི་རྒྱ་མཚོ་དང་། རབ་གནས་འབྲིང་པོའི་ཆོ་ག་དོན་ལྷུན་མའི་ལུང་བརྒྱུད་ནི། མཛད་པ་པོ་ནས། ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ། ལྔ་རིག་ཀུན་བཀྲས། ངག་དབང་ཀུན་རྒྱན། མཁན་ཆེན་བཀྲ་ཤིས་ཆོས་འཕེལ་མན་གོང་བཞིན། ཀུན་བློས་མཛད་པའི་སྒྲོལ་མ་མཎྜལ་བཞི་ཆོག་གི་ལུང་བརྒྱུད་ནི། མཛད་པ་པོ། ལྔ་རིག་ཀུན་བཀྲས། ཡབ་རྗེ་པད་འདུལ། བཀྲ་ཤིས་ཆོས་འཕེལ་མན་འདྲ། བྱང་གཏེར་ཆོས་ཚན་ཉེར་ལྔའི་ཐེམས་མེད་ཀྱི་ནང་ཚན་ཕྱ་ཕྲིན་ནོར་བུ་མཆོག་རྒྱལ་གྱི་གཡང་སྐྱོབ་འདོད་རྒུའི་དཔལ་སྟེར་གྱི་ལུང་བརྒྱུད་ནི། རྗོད་པོ་བླ་མ་ཀུན་དགའ་བསོད་ནམས། བླ་མ་བསོད་ནམས་རྒྱལ་མཚན། བླ་མ་དགེ་འདུན་རྒྱ་མཚོ། བླ་མ་ཕྲིན་ལས་རིན་ཆེན། བླ་མ་ཕྲིན་ལས་བློ་གྲོས། བླ་མ་ཀུན་དགའ་འཇམ་དབྱངས། མཁན་ཆེན་བྱམས་པ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན། བླ་མ་ཤེས་རབ་དཔལ་ལྡན་དཔལ་སྐྱོད། ཡོངས་འཛིན་སྙན་གྲགས་ཐར་པ། རྡོ་རྗེ་འཆང་ཀརྨ་རཏྣ། མཁན་ཆེན་འཇམ་དཔལ་བཟང་པོ། དེས་