R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༢༢བ
[A:༦༢༢བ]མཆོག་གི་རིང་ལུགས་གདམས་པ་རྒྱ་མཚོའི་བཅུད། ། འཛིན་ཅིང་སྤེལ་ལ་སྐྱེ་བའི་ཚུལ་བཟུང་བ། ། ཐུགས་རྗེ་མཚུངས་མེད་རྒྱལ་བའི་མྱུ་གུ་ཞེས། ། བརྟུལ་ཞུགས་སྤྱོད་པས་རོལ་ལ་གུས་ཕྱག་འཚལ། ། མདོ་སྔགས་ཆོས་ཀྱི་ཡང་སྙིང་གྲུབ་པའི་ལམ། ། མཁའ་འགྲོའི་ཐུགས་བཅུད་ལྟ་སྒོམ་སྤྱོད་འབྲས་ཆོས། ། གྲུབ་དབང་ཐུགས་ཀྱི་གསང་མཛོད་ལས་འོངས་པ། ། ལེགས་པར་བསྩལ་བའི་བཀའ་དྲིན་འབྲི་བར་བྱ། ། ཞེས་མཆོད་བརྗོད་དམ་བཅའ་སྔོན་དུ་བཏང་ནས། འདིར་རིམ་པར་ཕྱེ་བ་བརྒྱད་པ་ཨ་མདོའི་རི་སྐེད་བྱ་བྲལ་བ་ཆེན་པོ་ཐུགས་རྗེ་མྱུ་གུ་ལས་ཞུས་པའི་བརྒྱུད་རིམ་དགོད་པ་ནི། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་མོ་དག་སྣང་གི་ཆོས་སྡེ་ལས། དགུང་གྲངས་བཅོ་ལྔ་ཞེས་པའི་སྐབས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་དངོས་སུ་བསྩལ་བའི་གྲུབ་ཐོབ་ཐུགས་ཏིག་གི་རྩ་དབང། ཚེ་དབང། ལྟ་སྒོམ་སྤྱོད་པ་བོགས་འབྱིན་འབྲས་བུ་རྣམས་ཀྱི་ཁྲིད། ཕྲིན་ལས་དང་། ཚེ་སྒྲུབ་རྩ་གཞུང་། སོ་སོའི་དབང་ཆོག ཁྲིད་ཡིག་གཏེར་གཞུང་བཅས་ཐོབ་པའི་བརྒྱུད་པ་ནི། འཆི་