R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༢༣ན
[A:༦༢༣ན]མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། འོད་གསལ་སྤྲུལ་པའི་རྡོ་རྗེ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ། དེ་སྲས་འཇམ་མགོན་ཡང་སྤྲུལ། གྲུབ་ཐོབ་རྗེས་བཟུང་རེ་སྐེད་བྱ་བྲལ་བ་ཆེན་པོ་ཐུགས་རྗེ་མྱུ་གུ། དེས་ཁོ་བོ་འཁོན་རིགས་པ་ལའོ། ། ། ཡང་གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྐོར་ལས། སྒྱུ་འཕྲུལ་གསང་བ་སྙིང་པོའི་ལམ་རིམ་ཁྱད་པར་ཅན་ལམ་བྱེད་རྣམ་བཞིའི་བཤད་པ་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ཞེས། བླ་མ་ཞི་དྲག །འགྲོ་འདུལ་འཕགས་པ། རྟ་མཆོག་རོལ་པ། ཕག་མོ་རྣམས་ཀྱི་དབང་། ལམ་བྱེད་རྣམ་བཞིའི་ཁྲིད། གཏེར་གཞུང་ལོ་རྒྱུས། བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས་ལྔ། ཕྲིན་ལས། དབང་ཆོག་བཅས་རྟགས་བརྒྱད་གྲངས་ལྡན་ཚང་བ། ཕྲིན་ལས་དང་དབང་གི་གསལ་བྱེད། གདམས་ཁྲིད་ས་བཅས་རྣམས་བཞུགས་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས་ཞི་དྲག །པད་འབྱུང། གྲུབ་ཆེན་ཐང་རྒྱལ། གཏེར་ཆེན་བླ་འོད་