[A:༦༢༣བ]གསལ་སྤྲུལ་པའི་རྡོ་རྗེ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མན་གོང་བཞིན་ནོ། །ཡང་ན། ཀོང་སྤྲུལ་རིན་པོ་ཆེ་ནས། ལྷ་བ་འཇིགས་མེད་དཔལ་ལྡན། དྲིན་ཅན་རྡོ་རྗེ་འཆང་ཐུགས་རྗེ་མྱུ་གུ། དེས་ཁོ་བོ་ལའོ། །
ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས་སྤྱན་དྲངས་པའི་ཟབ་གཏེར་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་མངའ་བ་ལས། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་གཏོར་དབང་རེག་པ་དོན་ལྡན་སོགས་ཀྱི་དབང་བརྒྱུད་ནི། ཀུན་བཟང། རྡོར་འཆང་། རྡོར་སེམས། དགའ་རབ། ཤྲཱི་སིཾ། པད་འབྱུང་། མཚོ་རྒྱལ། ཀརྨ་གླིང་པ། ཉི་ཟླ་སངས་རྒྱས། ཉི་ཟླ་ཆོས་རྗེ། ཉི་ཟླ་འོད་ཟེར། ནམ་མཁའ་ཆོས་རྒྱམ། སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བུདྡྷ་མངྒ། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། སྔགས་འཆང་པདྨ་དབང་དྲག །གྲུབ་བརྙེས་ཀརྨ་ཆགས་མེད། ཐུགས་སྲས་པདྨ་ཀུན་དགའ། མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་། ཀུན་གཟིགས་ཤེས་རབ་གྲགས་པ།