[A:༦༢༤ན]རྣལ་འབྱོར་བསྟན་འཛིན་དོན་གྲུབ། ཀརྨ་ཐེག་མཆོག་བསྟན་འཕེལ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། མཁན་པོ་ཨ་སྟོབས། གྲུབ་དབང་པདྨ་ནོར་བུ། མཆོག་སྤྲུལ་ཆོས་ཀྱི་ཟླ་བ། མཆོག་སྤྲུལ་རིན་པོ་ཆེ་བཀའ་དྲིན་གསུམ་ལྡན་ཐུགས་རྗེ་མྱུ་གུ་འམ། རི་སྐེད་བྱ་བྲལ་རིན་པོ་ཆེ། དེས་བདག་འཁོན་གདུང་ལའོ། །
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དག་སྣང་ནད་བརྒྱ་སྨན་གཅིག་རིལ་བུ་དཀར་དམར་གྱི་སྒོམ་ལུང་གཞུང་ཚན་གཉིས། སྒོམ་ལུང་དང་ཕྱག་ལེན་གསལ་བྱེད་ཀུན་མཁྱེན་མཁྱེན་བརྩེས་མཛད་པ་བཅས་པ་བཅས་ཀྱི་བརྒྱུད་པ་ནི། སྨན་གྱི་བླ་མ། པདྨ་འབྱུང་གནས། ཡེ་ཤེས་མཁའ་འགྲོ་སྡེ་ལྔ། གྲུབ་ཆེན་ཐང་རྒྱལ། བསྟན་འཛིན་ཉི་ཟླ་བཟང་པོ། ཤཱཀྱ་བཤེས་གཉེན། རྒྱལ་མཚན་དཔལ་བཟང་། བསྟན་པའི་རྒྱལ་མཚན། རབ་འབྱམས་ཆོས་རྗེ། ཨོ་རྒྱན་ཡོངས་གྲགས། ཚེ་དབང་ནོར་བུ། ཆོས་དབྱིངས་ཡེ་ཤེས། པདྨ་འགྱུར་མེད་བསྟན་འཛིན་ནོར་བུ། ཛྙཱ་ནའི་མཚན་ཅན། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཛིན། མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་མཁྱེན་བརྩེ། འཇམ་