R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༢༤བ
[A:༦༢༤བ]མགོན་ཀོང་སྤྲུལ་རིན་པོ་ཆེ་མན་གོང་གྲུབ་ཆེན་ཐུགས་ཏིག་བཞིན། རིལ་དམར་གྱི་གཞུང་ནི། པདྨ་འགྱུར་མེད་ནས། སྔགས་འཆང་ཆོས་ཀྱི་རྒྱལ་མཚན། བྱ་བཏང་ཡེ་ཤེས་ཕུན་ཚོགས། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་མན་འདྲ། ཐང་རྒྱལ་གཡང་སྒྲུབ་ཉུང་བསྡུས་ཀྱི་ལུང་གི་བརྒྱུད་པ་ཡང་གོང་འདྲ་སྙམ། མཁྱེན་བརྩེ་རྡོ་རྗེ་འཆང་གི་དགོངས་གཏེར་གྲུབ་ཐོབ་ཐུགས་ཏིག་གི་ཁྲག་འཐུང་བདེ་གཤེགས་འདུས་པའི་དབང་ཁྲིད་ལུང་གི་བརྒྱུད་པ་ནི། གོང་གྲུབ་ཐོབ་ཐུགས་ཏིག་གདང་འདྲ་སྙམ། དཔལ་གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོའི་དག་སྣང་ཐུགས་རྗེ་ཆེན་པོ་སེམས་དཔའ་བཞི་བརྩེགས་ཀྱི་བུམ་དབང་གི་བརྒྱུད་པ་ནི། ལྕགས་ཟམ་རི་བོ་ཆེའི་དབོན་བརྒྱུད་རིག་འཛིན་ཀུན་བཟང་རྣམ་རྒྱལ་ནས་ལེགས་པར་ཐོབ་པའི་རྟོགས་ལྡན་བླ་མ་དེའི་གཟིམས་དཔོན་ཡིན་པ་དགུང་གྲངས་དོན་ལྔ་ལོན་པ་ཞིག་དང་། མ་ཎི་བུམ་སྒྲུབ་ཀྱི་དབུ་མཛད་མ་རིག་འཛིན་ལྷ་མོ་ཞེས་དགུང་གྲངས་དོན་བདུན་དུ་ཕེབས་པ་དང་། རྟོགས་ལྡན་བགྲེས་པོ་དགུང་གྲངས་དོན་གསུམ་སོན་པ་རྣམས་ལས། སྐྱབས་རྗེ་རྡོ་རྗེ་འཆང་ཐུགས་རྗེ་མྱུ་གུའམ་སྙིང་རྗེའི་དཔལ་གྱིས་གསན་ཅིང་། དེ་ལས་ཁོ་