R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣༣བ
[A:༦༣༣བ]འཛིན་ཐོག་འདོན་རིམ་དང་། གསུང་གདངས། དབྱངས་རོལ་གར་འཆམས་སོགས་ཕྱག་ལེན་རྣམས་ལེགས་པར་ནོས། གཞན་ཡང་སྡེ་དགེ་བ་རྫོང་གསར་སློབ་གྲྭའི་མཁན་པོ་ཐུབ་བསྟན་ནས་སྡོམ་གསུམ་རབ་དབྱེའི་བཤད་པ་ཀུན་མཁྱེན་གོ་རམས་པ་ཆེན་པོའི་རྣམ་འགྲེལ་གསུང་རབ་དགོངས་གསལ་དང་མཐུན་པ་ཞུས་ཤིང་། ཟུར་འཆད་པ་དགེ་བའི་བཤེས་གཉེན་རིན་པོ་ཆེ་ནས་ཀྱང་སྡོམ་གསུམ་རབ་དབྱེའི་བཤད་པ་དང་། འཇམ་དབྱངས་ས་པཎ་གྱི་གསུང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་ཡོངས་རྫོགས་སྟོན་པ་ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་ཚིག་དོན་གྱི་བཤས་པ་ནོས་པ་ཡིན་ཞིང། འདི་དག་གི་བརྒྱུད་པ་འཇམ་དབྱངས་བློ་གཏེར་དབང་པོ་ནས། རྫོགས་ཆེན་པ་གཞན་ཕན་ཆོས་ཀྱི་སྣང་བས་གསན་ཅིང། དེ་ལས་དཔོན་པོ་སྟོད་པ་བླ་མ་མཁྱེན་རབ་ཀྱིས་གསན་པ་ལས་འཕེལ་བ་འདྲ། དེ་དག་གིས་རིམ་པར་ཕྱེ་བ་དགུ་པ་དགེ་བའི་བཤེས་གཉེན་གཞན་སྣ་ཚོགས་ལས་ཞུས་སྐོར་རྫོགས་སོ། ། ༈ རིམ་པར་ཕྱེ་བ་བཅུ་པ། ༈ རིམ་པར་ཕྱེ་བ་བཅུ་པ་ནི། རྟེན་འབྲེལ་གྱི་ཁྱད་ལ་བརྟེན་སླད་ནས་ཐོས་པར་འགྱུར་བ་རྣམས་དགོད་པའི་གནས་སུ་བཞག་པ་སྟེ། །དེ་རྣམས་ཀྱིས་འཕྲད་དཀའ་ཞིང་