R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༤ན
[A:༦༤ན]གནང་སོགས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གསུང་རྒྱུན་དང་། ངོར་རྫོང་ཚར་པའི་གསུང་རབ་རིན་པོ་ཆེའི་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཞྭ་ལུ་མཁན་ཆེན་ཚེ་དབང་ལྷུན་གྲུབ་རབ་བརྟན་གྱིས་མཛད་པ་བཅས་པའི་བརྒྱུད་པ་ནི། མཛད་པ་པོ་སོ་སོ་ནས། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར། ཀུན་བློ་མན་མཁྱེན་བརྩེའི་སྣང་གསུམ་བརྒྱུད་པ་དང་འདྲའོ། ། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་གསུང་ངག་སློབ་བཤད་ཁོག་དབུབ་གནད་ཀྱི་བེའུ་བུམ། ཐུན་མོང་མིན་པའི་བརྗེད་ཐོ་ཁོག་དབུབ་ཀྱི་དཀྱུས་སུ་བྲི་བར་མ་བྱས་པ།
དབང་ཆུའི་ངོས་འཛིན།
གསུང་ངག་སློབ་བཤད་ཐུན་མོང་མ་ཡིན་པའི་ཁྲིད་ཀྱི་ཁྱད་ཆོས་ཡོངས་འཛིན་དམ་པའི་གསུང་གི་བདུད་རྩི་ཟིན་བྲིས་སུ་བཀོད་པ་ཁྲིད་ཡིག་ཟླ་བའི་ཐིག་ཕྲེང་གི་གསལ་བྱེད་སློབ་བཤད་བསྟན་པ་རྒྱས་པའི་ཉི་འོད། ལམ་འབྲས་ཀྱི་ཁྲིད་དཔེ་གནད་དྲིལ་བའི་ཉམས་ལེན་སྙིང་པོ། རྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན་བཅས་ལུང་རྒྱུན་མ་བཞུགས་པས་རྡོ་རྗེ་འཆང་བློ་གཏེར་དབང་པོས་ལུང་སྤེལ་