R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༧༨བ
[A:༧༨བ]དང་། ཞར་བྱུང་ཉེར་མཁོའི་དབང་ལུང་ཅི་རིགས་པ་བཅས་ཀྱི་ཆོས་འཁོར་ཆད་མེད་བསྐོར་བའི་སྲོལ་བཏོད་ཀྱི་བཀའ་དྲིན་བསྐྱངས་པ་ནས་བཟུང་ད་ལྟའི་བར་དུ་ཕྱག་རྒྱུན་རྣམ་དག་མ་ནུབ་པར་དར་རྒྱས་སུ་བཞུགས་པ་འདི་བཞིན་ལ། སྐབས་ཐོབ་རྒྱལ་ཚབ་རྣམས་ཐུགས་བསྐྱེད་དང་མཁྱེན་རྒྱ་ཆེ་ཆུང་སོགས་ཀྱིས། གདུལ་བྱའི་སྣོད་དང་འཚམས་ཀྱང་ཆོས་སྒོ་རྒྱས་བསྡུས་ཀྱི་དབྱེ་བསྡུ་སྣ་ཚོགས་པ་ཞིག་ལོས་འབྱུང་བས། མཐའ་ཅིག་ཏུ་ཚད་འདི་ཙམ་མོ་ཞེས་སུས་ཀྱང་ཁ་ཚོན་གཅོད་པ་ག་ལ་ནུས་མོད། འོན་ཀྱང་གསུང་གཞི་ཁྲིད་ཡིག་རྒྱས་བསྡུས་ཀྱི་སྟེང་ནས་དང་། ལུང་མང་ཉུང་ཙམ་ལས། སོ་བྱང་གི་སྡོམ་པ། སྔོན་འགྲོ་དང་དངོས་གཞིའི་ཁྲིད། རྒྱུ་ལམ་གྱི་དབང་། རྣམ་ཐར་དང་གསོལ་འདེབས། པོད་སེར་སོགས་ཀྱི་ལུང་རྣམས་ནི་ཀུན་གྱིས་ཆད་མེད་གནང་བ་ཡིན་པས། དེའི་ཐོབ་ཚུལ་ནི། ཐོག་མར་ཆོས་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་ཞི་ཕྱིར་གསང་བདག་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་། མཐུན་རྐྱེན་ཚེ་བསོད་བློ་གྲོས་སོགས་རྒྱས་ཕྱིར་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་། ནད་རིམས་གདོན་