[A:༧༩ན]བགེགས་སོགས་སེལ་ཕྱིར་རི་ཁྲོད་ལོ་མ་གྱོན་མའི་རྗེས་གནང་དང་གསུམ་གྱིས་ཆོས་སྒོ་ལེགས་པར་ཕྱེས་པའི་བརྒྱུད་པ་ནི། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོར་ལྟར་འོག་སྒྲུབ་ཐབས་ཀུན་བཏུས་ཀྱི་བརྒྱུད་རིམ་ཇི་ལྟ་བ་བཞིན་ཡིན་ནོ། །
༈ གཞན་ཡང་ཉེར་མཁོའི་རྗེས་གནང་དང་། དབང་ཁྲིད་སོགས་གསུང་ངག་རིན་པོ་ཆེའི་སྔ་རྗེས་སུ་གནང་བ་ནི། གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་གྱི་ཚེ་དབང་ས་ཆེན་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་སྟེང་ནས་བདག་ཆེན་རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་དང་། ངག་དབང་བློ་གྲོས་སྙིང་པོ། བྲག་རི་འཇམ་དབྱངས་ཆོས་ཀྱི་ཉི་མ། བྱམས་པ་སྙན་གྲགས་ཐར་པ། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་རིན་ཆེན་རྣམས་ལས་ཇི་ལྟར་གསན་པ་བཞིན་བསྩལ་ཞིང་། སློབ་བཤད་ཞུ་སྐབས་ཆུ་བོ་རི་པ་བློ་བཟང་ཡེ་ཤེས་ལྷུན་གྲུབ་པའི་ཡིག་སྟེང་ནས་གནང་། པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱིའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་རྗེས་གནང་ས་ཆེན་ཀུན་བློའི་ཡིག་སྟེང་ནས་དང་། ས་སྐྱ་པར་བཀའ་བབས་པའི་འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་