[A:༧༩བ]རྗེས་གནང་ཐར་རྩེ་པཎ་ཆེན་ཡིག་སྟེང་ནས་དང་། ཁ་ཆེ་ཡེ་ཤེས་རྡོ་རྗེས་སྤྱོད་རྒྱུད་ལྟར་བཀྲལ་བའི་རིགས་གསུམ་སྤྱིའི་དབང་བྲང་ཏི་པའི་གསུང་ལ་མཁྱེན་བརྩེའི་དབང་པོས་གསལ་ཁ་གནང་བའི་ཡིག་སྟེང་ནས་དང་། ཁྲོ་བོ་མི་གཡོ་བའི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་པའི་ཡིག་སྟེང་ནས་དང་། དེ་འབྲེལ་ཆུ་སྲུང་གི་གདམས་པ་གསལ་བྱེད་སྙིང་པོའི་སྣང་བ་མཁྱེན་དབང་གསུང་བཞིན་དང་། བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་ཚར་ལུགས་ཐུན་མིན་འཆི་མེད་གྲུབ་པའི་བདུད་རྩི་ལྟར་སྔོན་དུ་སོང་ནས། ཚེ་ཁྲིད་བདེ་ལྡན་མགོན་པོའི་ཞལ་ལུང་། ངག་དབང་ལེགས་གྲུབ་ཀྱི་འཆད་ཐབས་ལྟར་བཞི་ཁྲིད་ཉིན་ལྔ་མ་དང་། སློབ་དཔོན་ཛཱེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱིས་བཀྲལ་བའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་དཀྱིལ་དང་། ཞུ་ཆེན་གྱི་མཚམས་སྦྱོར་བཅས་ཀྱི་སྟེང་ནས་དཔལ་ལྡན་བློ་གྲོས་རྒྱལ་མཚན་དང་། འཇམ་མགོན་བློ་གཏེར་དབང་པོ། བྲག་རི་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་ཉི་མ། ངག་དབང་བློ་གྲོས་སྙིང་པོ་བཞི་ལས་གསན་པ་ལྟར་དགྱེས་པ་ཆེན་པོས་བསྩལ།
མངའ་