[A:༨༠ན]བདག་ཉང་རལ་ནས་ས་སྐྱ་པར་བཀའ་བབས་པ་གུ་རུ་དྲག་དམར་གྱི་རྗེས་གནང་ཞུ་ཡིག་སྟེང་ནས་དང་། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་དཀྱིལ་གཞན་ཕན་མཐའ་ཡས་དང་། དབང་ཆོག་བློ་གསལ་ཀུན་དགའ་(?)དཀོན་ལྷུན་གསུང་ལ་བློ་གཏེར་དབང་པོས་གསལ་ཁ་མཛད་པའི་ཡིག་སྟེང་ནས། ངག་དབང་བློ་གྲོས་སྙིང་པོ། བྲག་རི་ཞབས་དྲུང་རིན་པོ་ཆེ། འགུ་ཟི་ཞབས་དྲུང་གསུམ་ལས་གསན་པ་བཞིན་གནང་། དུས་འཁོར་ཁྱུང་ཁྲའི་རྗེས་གནང་རྗེ་མཁྱེན་དབང་ཡིག་སྟེང་ནས་དང་། གསེར་ཆོས་ཁྱུང་ཁྲའི་རྗེས་གནང་ཁྲོ་རྒྱལ་རྟ་མཆོག་རོལ་པ་སྐྱེར་སྒང་ལུགས་ཀྱི་རྗེས་གནང་ཞུ་ཆེན་ཡིག་སྟེང་ནས་དང་། གསེར་ཆོས་དམར་པོ་སྐོར་གསུམ་གྱི་རྗེས་གནང་ངོར་ལུགས་ཐུན་མོང་མ་ཡིན་པ་རིགས་བྱེད་མ་དང་། ཚོགས་བདག་གཉིས་དཀོན་ལྷུན་ཡིག་སྟེང་ནས་དང་། འདོད་རྒྱལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཡིག་སྟེང་ནས་དང་། རྗེ་ས་ཆེན་གྱི་གདམས་པ་ཐུགས་རྗེ་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་སྔོན་འགྲོའི་རྗེས་གནང་ཞུ་ཆེན་ཡིག་སྟེང་ནས་དང་། དེ་དང་སྦྲེལ་ནས་ངོར་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ངེས་དོན་དཔྱིད་ཀྱི་ཐིག་