R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༨༠བ
[A:༨༠བ]ལེ། འཆད་ཐབས་ཟུར་རྒྱན་ཞུ་ཆེན་བཀའ་འབུམ་ང་པར་ཡོད་པ་ལྟར་ཉིན་ལྔ་རིང་ལ་ཡོངས་རྫོགས་ཐོབ། ནཱ་རོ་མཁའ་སྤྱོད་མའི་སྒྲུབ་དཀྱིལ་གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱིས་མཛད་པ་དང་། དེའི་བྱིན་རླབས་ཀྱི་ཡི་གེ་བདེ་ཆེན་སྤྲིན་སྒྲ་བློ་གསལ་བསྟན་སྐྱོང་གིས་མཛད་པ་གཉིས་ཀྱི་སྟེང་ནས་མཁའ་སྤྱོད་མའི་བྱིན་རླབས་ཚར་ལུགས་ཐུན་མོང་མ་ཡིན་པ་བཀའ་དྲིན་དུ་བསྩལ། དེ་འབྲེལ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་མཁའ་སྤྱོད་བགྲོད་པའི་ཉེ་ལམ་ལ་ཞལ་ཤེས་ཡིག་ཆུང་རྣམས་སྦྱར་ཏེ། འཇམ་མགོན་མཁྱེན་བརྩེའི་དབང་པོས་མཛད་པའི་འཆད་ཐབས་མཁའ་སྤྱོད་ལམ་བཟང་མཛེས་པར་བྱེད་པའི་རྒྱུན་ལྟར་ཞག་བདུན་རིང་ལ་སྔོན་དངོས་རྗེས་གསུམ་ཚང་བར་ཐུགས་བརྩེ་བ་ཆེན་པོས་སྨིན་རྒྱས་སུ་བསྩལ། པདྨ་འོད་གསལ་མདོ་སྔགས་གླིང་པའམ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་སྨིན་བྱེད་བསྡུས་པའམ། ཐོག་མའི་སྒོ་འབྱེད་དུ་གྱུར་པ་ཐུན་མོང་ཚེ་ཡི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཡིག་སྟེང་ནས་བསྩལ།