[A:༨༡ན]མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ཞུ་ཆེན་ཡིག་སྟེང་ནས་དང་། གསེར་ཆོས་འཇམ་དཔལ་ནག་པོའི་རྗེས་གནང་དང་། གསེར་ཆོས་སེང་གདོང་སྔོན་མོའི་རྗེས་གནང་ཐར་པཎ་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་ནས་དང་། མགོན་པོ་ཁྲོ་བཅུའི་རྗེས་གནང་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་དང་། ངོར་ལུགས་ཐུན་མོང་མ་ཡིན་པའི་གུར་ལྷ་བརྒྱད་ཀྱི་རྗེས་གནང་ཤར་ཆེན་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་སྟེང་ནས་དང་། ཞལ་བསྙེན་དུས་ཀྱི་རྗེས་གནང་ཐུན་མོང་བ་ཐར་པཎ་ཡིག་སྟེང་ནས་བྲག་རི་རྡོ་རྗེ་འཆང་དང་། ངོར་ཨེ་ཝྃ་ཆོས་ལྡན་གྱི་མཁན་རབས་ང་བརྒྱད་པ་ལྕེ་བཙུན་ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོ་གཉིས་ལས་གསན་པ་བཞིན་གནང་།
ངོར་ཆེན་དཀོན་ལྷུན་ཡིག་སྟེང་ནས་རྣམ་སྲས་སེར་ཆེན་ལྷ་དགུའི་རྗེས་གནང་དང་། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་སྟེང་ནས་དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་དང་། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་ཡིག་སྟེང་ནས་ནོར་སྐྱོང་དུར་ཁྲོད་བདག་པོའི་རྗེས་གནང་། ཐང་རྒྱལ་ལུགས་ཀྱི་ཉེ་བརྒྱུད་ཚེ་དབང་ལོ་བརྒྱ་མ། དཔལ་ས་སྐྱ་པ་