[A:༡༠༤བ]བཅུད་ལེན་མཁས་དབང་བྱམས་པ་ཕྲིན་ལས་ཡོན་ཏན་གྱིས་མཛད་པ་དག་གི་ལུང་བཅས་ཀྱི་བརྒྱུད་པ་ནི། དཀོན་མཆོག་ལྷུན་གྲུབ་ཡན་རྗེས་གནང་གི་གཤམ་དུ་གསལ། དེ་ནས་ནམ་མཁའ་དཔལ་བཟང་། རྩེ་གདོང་ཁྲི་ཆེན་བསོད་ནམས་ལྷུན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། གཟིམས་འོག་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། འཇམ་མགོན་བསྟན་འཛིན་སྙན་གྲགས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་པའི་དབྱངས་བློ་གཏེར་དབང་པོ། འཇམ་དབྱངས་ཆོས་ཀྱི་ཉི་མ། ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། ཞབས་དྲུང་རྡོ་རྗེ་འཛིན་པ་ངག་དབང་བསྟན་འཛིན་སྙིང་པོ། དེ་ལས་ཁོ་བོ་ཅག་གིས་ཐོབ་པ་སྟེ། འོག་མ་རྣམས་ལ་དེ་བཞིན་ཤེས་པར་བྱའོ། །
ཡང་ན། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཡན་གསན་ཡིག་གཞན་ལྟར་ལ། དེ་ནས་བྱམས་པ་བསོད་ནམས་དཔལ་ལྡན། ཐར་རྩེ་ནམ་མཁའ་བསམ་འགྲུབ། ཡབ་རྗེ་ཀུན་དགའ་བློ་གྲོས་