R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༠༥བ
[A:༡༠༥བ] གྲོས། ཀུན་དགའ་མཁས་གྲུབ་དབང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་འདྲ། ། ཡང་ན། མཁྱེན་བརྩེ་ལས། བསླབ་གསུམ་པ། སྔགས་འཆང་བསོད་ནམས་ཆོས་འཕེལ། བྱང་གླིང་བཀྲ་ཤིས་རྒྱལ་མཚན་གསུམ་གྱིས་གསན། ཡབ་སྲས་བཞི་ག་ལས་དབང་རབ། དེ་ལས་བཀའ་འགྱུར་མགོན་པོ་བསོད་ནམས་མཆོག་ལྡན། དེ་གཉིས་ཀ་ལས་ཞྭ་ལུ་མཁན་ཆེན་གྱིས་གསན་པ་མན་འདྲ། ཡང་ན་ཀུན་བློ་ནས། ནཱ་ལེནྡྲའི་གཟིམས་འོག་མཆོག་སྤྲུལ་བྱམས་པ་བསྟན་འཛིན་ཕྲིན་ལས། སྨྲ་དབང་ཕྲིན་ལས་ཡོན་ཏན། འཇམ་མགོན་བླ་མ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། མཁྱེན་བརྩེའི་དབང་པོ་སོགས་འདྲ། ཡང་ན་ཀུན་བློ་ནས། ཟུར་འཆད་པ་རིན་ཆེན་རྒྱལ་མཚན། ལྔ་རིག་པ་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན། དེ་སྲས་འཇམ་མགོན་རྡོ་རྗེ་རིན་ཆེན། ཁྱབ་བདག་ཞྭ་ལུ་པ་རིན་ཆེན་བློ་གསལ་བསྟན་སྐྱོང་། མཁྱེན་བརྩེའི་དབང་པོ་སོགས་གོང་འདྲ། ཡང་ན། འཇམ་མགོན་རྡོ་རྗེ་རིན་ཆེན་ནས། རྣམ་འདྲེན་ངག་གི་དབང་པོ། རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་ལེགས་གྲུབ། མཁྱེན་བརྩེའི་དབང་པོ་མན་གོང་