R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༢བ
[A:༡༢བ]ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཕྱག་ན་རྡོ་རྗེ། སྤྲུལ་སྐུ་པདྨ་འབྱུང་གནས། གུ་རུ་ཆོས་ཀྱི་དབང་ཕྱུག །སྤྲུལ་སྐུ་ཤཱཀྱ་སེང་གེ། རིན་ཆེན་བྱང་ཆུབ་རྡོ་རྗེ། ཆོས་རྗེ་བརྟག་པ་བ། ཟུར་དབེན་པ་ཆོས་བཟང་བླ་མ། མཉམ་མེད་བདེ་ལེགས་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། མཁས་མཆོག་ལྷ་དབང་བློ་གྲོས། རྗེ་བཙུན་སངས་རྒྱས་སེང་གེ །བྱམས་པ་རིན་ཆེན་རྣམ་རྒྱལ། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། རྗེ་ལྷུན་གྲུབ་དཔལ་ལྡན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཆོས་རྗེ་བསྟན་འཛིན་ལྷུན་གྲུབ། ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། ཡབ་རྗེ་དབང་སྡུད་སྙིང་པོ། ས་སྐྱ་པ་པདྨ་བདུད་འདུལ་དབང་ཕྱུག །ཐེག་ཆེན་བཀྲ་ཤིས་རིན་ཆེན། ངག་དབང་ཀུན་དགའ་སྙིང་པོ། དྲག་ཤུལ་ཕྲིན་ལས་རིན་ཆེན། ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་རིན་ཆེན། དེས་བདག་ལའོ། ། ༈ རྒྱ་ཆེ་བ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས། ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་གསུངས་པའི་ནང་ཚན་ཀླུ་དང་ས་