[A:༡༣ན]
བདག་གི་གདོན་འཇོམས་པར་བྱེད་པ་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་རྗེས་གནང་སྒོ་རུམ་པས་མཛད་པའི་སྒྲུབ་ཐབས་རྒྱུད་འགྲེལ་དང་མཐུན་པར་སྦྱར་བའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། སྣ་ཚོགས་ཡུམ། ནཱ་རོ་པ། ཕམ་མཐིང་པ། གཅེན་འཇིགས་མེད་གྲགས་པ། གཅུང་དུས་འཁོར་བ། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་བློ་གྲོས་གྲགས་པ། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྚི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ། ཆོས་རྗེ་བཟང་པོ་རྒྱལ་མཚན། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། མཁས་གྲུབ་ཤེས་རབ་རིན་ཆེན། རྡོ་རིང་པ་ཀུན་དགའ་རྒྱལ་མཚན། རིག་འཛིན་ཆོས་ཀྱི་དཔལ་བཟང་། མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། འཇམ་དབྱངས་སངས་རྒྱས་བཀྲ་ཤིས། འཇམ་མགོན་ངག་དབང་དཔལ་བཟང་། བྱམས་པ་ལྷ་དབང་