R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༧༤ན
[A:༢༧༤ན]ཚིག་གསུམ་བཀོད་མཇུག །འོད་དཔག་མེད་ཀྱི་སྔགས་ཆོག ། ཇོ་ལུགས་མི་འཁྲུགས་པའི་ལས་ཚོགས། དོན་ཡོད་ཞགས་པའི་སྨྱུང་གནས་ཆོ་ག །བདེ་མཆོག་ལྡན་སྐྱེས་སྒྲུབ་ཐབས། རས་ཆུང་ལུགས་ཀྱི་ཕྱག་རྡོར་གཏུམ་ཆུང་བསྙེན་སྒྲུབ་ལས་གསུམ་གྱི་མཇུག །མར་ལུགས་རྡོར་སེམས་གཙོ་རྐྱང་གི་སྒྲུབ་རྗེས་མན་ངག་བཅས་པའི་མཇུག །དམ་ཚིག་རྡོ་རྗེའི་མན་ངག་སྦྱིན་སྲེག །ལྟུང་བ་སྦྱོང་བའི་སྒོ་ཉི་ཤུ་རྩ་ལྔའི་ལག་ལེན། སྡོམ་པ་གསུམ་གྱི་བཤགས་ཚིག །སྲུང་བ་ལྷ་ལྔའི་བྱད་འགྲོལ་བཅས་ཆོས་ཚན་བཅུ་གཅིག་གི་རྗེས་གནང་གསུམ་ནི་རྗེ་བླ་མ་མཁྱེན་བརྩེས་སྩལ་གྲུབ་པ། ཡིག་ཆ་རྣམས་ཀྱི་ལུང་འཇམ་མགོན་བློ་གྲོས་མཐའ་ཡས། མཁན་བླ་མ་བཀྲ་ཤིས་འོད་ཟེར། དེ་ལས་འཇམ་དབྱངས་བློ་གཏེར་དབང་པོས་གསན་པ་མན་འདྲའོ། ། དེ་འཕྲོས་ཀྱི་ཁ་སྐོང་བློ་གཏེར་ཞབས་ཀྱིས་གསར་བསྒྲིགས་གནང་བའི་རིགས་སོ་སོར་སྦྱར་བྱང་གིས་གསལ་བ་ལྟར་ནས། རྗེས་གནང་བྱིན་རླབས་སྐོར་རྗེ་བླ་མ་འཇམ་པའི་དབྱངས་ཉིད་ཀྱི་ཞལ་སྔ་ནས་གསན་མ་