R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༧༤བ
[A:༢༧༤བ]གྲུབ་པ། འཇམ་པའི་རྡོ་རྗེ་གཙོ་རྐྱང་། འཇམ་དཔལ་ངག་གི་དབང་ཕྱུག །རྣམ་འཇོམས་བིར་ལུགས། རྣམ་རྒྱལ་མ་དཀར་མོ་ཕྱག་གཉིས་མ་གཙོ་རྐྱང་། འབྲུག་ལུགས་ཁྲུས་ལྷ་ལྔ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་རྣམས་དང་། གྲུབ་ཐོབ་བརྒྱད་ཅུའི་བྱིན་རླབས་འབྲུག་ལུགས་ལུང་བཅས་འཇམ་མགོན་བློ་གྲོས་མཐའ་ཡས་དང་། ས་ལུགས་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་གྱི་ཞལ་སྔ་ནས་གསན་པས་མཚོན་གཞན་ལས་གསན་པའི་བརྒྱུད་པ་ལས་རྟོགས་པར་བྱ་ལ། ཡིག་ཆའི་ལུང་སྐོར་ནས། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སྐོར་འཇམ་མགོན་གུ་ཎའི་ཞབས། སྒྲུབ་ཐབས་བརྒྱ་རྩའི་རྒྱ་གཞུང་། ས་སྐྱའི་གསུང་རབ་བོད་གཞུང་སྐོར། ངག་དབང་ལེགས་གྲུབ་གནས་བརྟན་མཆོད་མཆོག་དང་། རྟེན་ཁྲུས་རི་ཁྲུས། མགོན་དཀར་གཡང་ཆོག །ཞྭ་ལུའི་སྨན་ཆོག་རྗེས་འབྲེལ་བཅས། རྣམ་སྲས་རྟོགས་པ་སོགས་རྒྱ་གཞུང་། ལས་ཚོགས་སྐོར་གྱི་ཡིག་རྙིང་། བུ་སྟོན་རིན་པོ་ཆེ་མངོན་རྟོགས་བཅས། སྐལ་བཟང་རྒྱ་མཚོའི་དབང་བཤད། རྨོར་ཆེན་རབ་གནས་ཡོན་བསྒོའི་རྣམ་བཤད།