[A:༢༧༩ན]བ་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་དང་། ཤར་ཆེན་ཀུན་བཀྲས་ཀྱི་མཚམས་སྦྱོར་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ། བཀའ་བབས་དགུ་ལས། དང་པོ་ས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་ཧེ་རུ་ཀ །དཔལ་ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་བ་རི་པ་དབང་ཕྱུག །
སློབ་དཔོན་ལཱུ་ཧི་པ། སློབ་དཔོན་དཱ་རི་ཀ་པ། དེས་རྡོ་རྗེ་དྲིལ་བུ་པ་དང་། རྣམ་རྒྱལ་ཞབས་གཉིས། གཉིས་ཀས་རུས་སྦལ་ཞབས། དེ་ནས་ཤྲཱི་ཛཱ་ལནྡྷ་རི་པ། གྲུབ་ཆེན་ནག་པོ་པ་སྤྱོད་པའི་རྡོ་རྗེ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། བལ་པོ་ཕམ་མཐིང་པ། གཅེན་འཇིགས་མེད་གྲགས་པ། གཅུང་ངག་གི་དབང་ཕྱུག །ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་བློ་གྲོས་གྲགས་པ། ས་ཆེན། རྗེ་བཙུན་