[A:༢༨༣ན]
དང་པོ་ལ་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལེའུ་བཅུ་བདུན་མའི་རྗེས་སུ་འབྲང་ནས་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་བཀྲལ་བའི་གཤེད་དམར་ལྷ་ལྔའི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་དང་། ཐར་པཎ་གྱི་མཚམས་སྦྱོར་གཉིས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ་བཀའ་བབས་གསུམ་དང་ལྡན་པ་ལས། དང་པོ་ཆག་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་གཤིན་རྗེའི་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་བིརྺ་པ། ཌོམྦྷི་ཧེ་རུ་ཀ །བཱི་རཱ་ཊི་པ། མ་ཏཾགརྦྷ། གོམྦྷི་ར་མ་ཏི། རྡོ་རྗེ་གདན་པ་མྱ་ངན་མེད་དཔལ། ནིཥྐ་ལངྐ་དེ་ཝ། རེ་ཝེནྟྲ་པྲ་བྷ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གོ་ལུང་པ་རྡོ་རྗེ་དཔལ། ཤངས་ལོ་བློ་གྲོས་བརྟན་པ། ལོ་ཙཱ་བ་མཆོག་ལྡན་ལེགས་བློ། བླ་མ་བསོད་ནམས་དབང་ཕྱུག །བྱ་སྡེར་བ་བྱང་ཆུབ་རིན་ཆེན། རག་ཕྲག་པ་ཤཱཀྱ་སེང་གེ །ཇོ་ནང་པ་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་