R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༨༩བ
[A:༢༨༩བ]མ་མཚོ་རྒྱལ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། དེ་གཉིས་ཀ་ལས་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་དང་། གཏེར་ཆེན་དྲི་མེད་འོད་ཟེར། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། འགྱུར་མེད་ཚེ་དབང་རྒྱ་མཚོ་བཞི་གས་གསན། དེ་བཞི་ག་ལས་རྗེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེས་བདག་ལའོ། ། ༈ རྗེ་བླ་མའི་རྗེས་དྲན་ལྕེ་བཙུན་སྙིང་ཐིག་གི་དབང་ཐོབ་པའི་བརྒྱུད་པ་ནི། རྗེ་མཁྱེན་བརྩེ་ཡན་བརྒྱུད་ཡིག་སྤར་མ་ལྟར་ལ། དེ་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཁྱེན་ཀོང་གཉིས་ཀ་ལས་རིག་འཛིན་སྣ་ཚོགས་རང་གྲོལ། ཞེ་ཆེན་རྒྱལ་ཚབ་པདྨ་བིཛྲ། གཏེར་ཆེན་བསོད་རྒྱལ། ཡབ་རྗེ་ཚེ་དབང་རྒྱ་མཚོ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་རྣམས་ཀྱིས་གསན། དེ་ཐམས་ཅད་ཀྱི་ཞལ་སྔ་ནས་རྗེ་རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་ལམ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེས་ཁོ་བོ་འཁོན་འདུང་ལའོ། །ལུང་ཁྲིད་གཉིས་རྗེས་འབུལ་རྟེན་འབྲེལ་ཞུ་རྒྱུ་གསུངས།