R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༩༦བ
[A: ༢༩༦བ]ཀུན་རིན་སོགས་ལས་ཀྱང་གཟིམས་འོག་རིན་པོ་ཆེས་གསན་པས་དེ་དག་གི་བརྒྱུད་པ་ལྟར་བྱས་ཀྱང་ཆོག ། ༈ གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་བཀའ་རྒྱ་ཅན་ཐོབ་པའི་བརྒྱུད་པ་དང་། མགོན་པོ་ཁྲོ་བཅུའི་རྗེས་གནང་ཐོབ་པའི་བརྒྱུད་པ་འོག་ཏུ་འབྱུང་བ་དང་འདྲ་ཞིང་། དམག་ཟོར་མའི་རྗེས་གནང་སྒྲུབ་བཏུས་ལྟར་རོ། ། ༈ འཇམ་དཔལ་ནག་པོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ཀུན་བློ་ཡན་སྒྲུབ་བཏུས་བརྒྱུད་ཡིག་ལྟར་དང་། དེ་ནས། མཁྱེན་རབ་བསྟན་འཛིན་ལྷུན་གྲུབ་སོགས་གོང་ཚེ་རྟ་ཟུང་སྦྲེལ་ལྟར་དེད་པས་འཐུས་སམ་སྙམ། ༒ བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་རིན་ཆེན་ལས་ཐོབ་སྐོར། ཐོག་མར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་དབང་འབྲིང་པོ་དང་། རྗེས་གནང་བྱིན་རླབས་ལན་མང་ཐོབ་པ་དང་། དེ་དག་གི་ལུང་དང་བཅས་པའི་བརྒྱུད་པ་མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ་ཡན་གོང་ལྟར་དང་། དེ་ནས། བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ས་སྐྱ་པ་ངག་