R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༠༣ན
[A:༣༠༣ན]ལྷ་མཆོག་སེང་གེ། བུདྡྷ་སིཾ་ཧ། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། དེ་གཉིས་ཀས་ཤར་ཆེན་ཀུན་དགའ་བཀྲ་ཤིས། ཤར་པ་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། རྗེ་བསྟན་འཛིན་ལྷུན་གྲུབ། ཐར་རྩེ་ནམ་མཁའ་བསམ་འགྲུབ། ངོར་མཁན་འཇམ་དབྱངས་དཀོན་མཆོག་གྲགས་པ། དེའི་དབོན་ཕུན་ཚོགས་དོན་གྲུབ། གྲུབ་དབང་སྤྲུལ་སྐུ་ཀུན་དགའ་བསོད་ནམས། ཐར་རྩེ་མཁན་ཆེན་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་དབྱངངས་བློ་གཏེར་དབང་པོ། མཁན་ཆེན་གཞན་ཕན་སྙིང་པོ། རྗེ་བླ་མ་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་ཨཱ་ཡུ་ལའོ། ། གཞན་ཡང་བརྒྱུད་པ་མི་འདྲ་བ་དུ་མ་ཡོད་ཀྱང་། དེང་སང་དབང་རྒྱུན་གཅིག་ཏུ་འདྲེས་པ་བདེ་གསང་སོགས་ལྟར་རོ། ། ཡང་། གྲུབ་ཆེན་ལ་ལི་ཏས་བཀྲལ་བའི་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ཚར་གྱི་ལུགས་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་ཀུན་བློའི་སྒྲུབ་དཀྱིལ་དང་། ཞུ་ཆེན་མཚམས་སྦྱོར་