[A:༣༠༣བ]སོགས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད་ནས། བློ་གཏེར་དབང་པོ་ཡན་གོང་སྐབས་བཞི་པ་ལྟར་ལ། དེ་ནས་རྡོ་རྗེ་འཆང་གཞན་ཕན་སྙིང་པོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་ལའོ། །
ཡང་ན། རྗེ་བླ་མས་གཟིམས་འོག་མཆོག་སྤྲུལ་ཀུན་བསྟན་རིན་པོ་ཆེ་ལས་ཀྱང་གསན་པས་དེའི་གསན་ཡིག་ལྟར་བྱས་ཀྱང་ཆོག །
དེ་འབྲེལ་དུག་དབང་རྨ་བྱ་རྒྱས་པའི་དབང་གི་བརྒྱུད་པ་མུས་ཆེན་ཆོས་ཉིད་ཡེ་ཤེས་ཡན་གོང་དང་འདྲ། དེ་ནས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ཡབ་རྗེ་ཀུན་དགའ་རིན་ཆེན། ངག་དབང་རྡོ་རྗེ་རིན་ཆེན། རྗེ་བཙུན་རྟ་མགྲིན་དབང་མོ། མཆོད་དཔོན་བླ་མ་བཟོད་པ་ཆོས་འཕེལ། རྡོ་འཛིན་ཆོས་ཕུན་ཚོགས། དྲག་ཤུལ་ཕྲིན་ལས་རིན་ཆེན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་ཨཱ་ཡུ་བཛྲ་ལའོ། །
༈ རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་གཅིག་ཕྱག་གཉིས་པའི་རྗེས་གནང་དང་། འཆི་བདག་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་རྗེས་གནང་སྔགས་བཏུས་བྱིན་རླབས་བཅས་