R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༡ན
[A:༣༢༡ན]པའི་ཆོ་ག་འཇིག་རྟེན་གསུམ་རྣམ་པར་གཡོ་བ། གནས་དེ་ཉིད་དུ་མཛད་པའི་ཏེའུ་ལོ་པའི་ལྤགས་པ་ལ་བརྟེན་ནས་རེངས་པའི་ཆོ་ག་འཇིག་རྟེན་གསུམ་རྣམ་པར་འཆིང་པ། གནས་དེ་ཉིད་དུ་མཛད་པའི་ཡན་ལག་མཚོན་གྱིས་འཕུང་བའི་མན་ངག་འཇིག་རྟེན་གསུམ་ཕམ་པར་བྱེད་པ། སྲིན་པོས་འཛིན་པའི་ཆོ་ག་ལས་ཀྱི་སྲིན་པོ་ཞེས་བྱ་བ་མཚུར་ཕུར་མཛད་པ། ཡང་དེ་ཉིད་དུ་མཛད་པའི་རིམས་ནད་གཏང་བའི་མན་ངག་རིམས་ནད་ཆེན་པོ་འཁྲུགས་པ། ཡང་གནས་དེ་ཉིད་དུ་མཛད་པའི་སྨྱོ་བར་བྱེད་པའི་ཆོ་ག་དྲག་པོའི་བཞད་བགད་ཆེན་པོ། དྲག་ཤུལ་སྤྱོད་པའི་གཏོར་མ་དྲུག་ཅུ་རྩ་བཞིའི་ཆོ་ག་སྡིག་ཅན་སྒྲོལ་བའི་མཚོན་ཆ་ངར་མ་མདངས་དཀར་སྙིང་རྗེ་རྫོང་དུ་མཛད་པ། ལུགས་སྲོལ་འདི་ལ་ལྕགས་མཁར་མི་རྩིག་པའི་ཕྱོགས་སུ་མཛད་ནས། ལྕགས་མཁར་ཟུར་དགུ་པ་དང་ཟུར་བཅུ་དྲུག་པ་སོགས་སྤྲོ་ན་བྱར་རུང་གི འོན་ཀྱང་རྙིང་མ་ལྟར་བློས་བཏགས་ནས་བྱས་པ་ཡིན་པ་རྒྱུད་རྒྱ་གཞུང་གི་ཁུངས་ནི་མེད་ལ། ཞེས་ཟུར་ཟ་བ་ནི། སྤྱིར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བློས་བཏགས་ནས་བྱས་པ་ཁོ་ན་ཡིན་པས་གཞུང་ལུགས་དང་འགལ་