R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༣ན
[A:༣༣༣ན]པ་དང་འདྲ།
(རྒྱལ)
གྱི་རྟགས་ཅན་གྱི་ལུང་བརྒྱུད་ནི། རྒྱལ་རྩེ་ངག་དབང་བསོད་ནམས་རྒྱལ་མཚན། ཞྭ་ལུ་མན་རིག་འཛིན་རྗེ་ནས་བརྒྱུད་པ་དང་འདྲ། ༈ དམར་མོ་སྐོར་གསུམ་གྱི་རྩ་བའི་བེའུ་བུམ་དུ་མ་འཐུས་པའི་སྐོར་ལ། རྨོར་ཆེན་གྱིས་མཛད་པའི་ལས་བཞིའི་སྦྱིན་སྲེག་བཀླགས་པས་དོན་གྲུབ་དང་། གཤིན་པོ་རྗེས་འཛིན་ཐར་ལམ་འདྲེན་པའི་ལྕགས་ཀྱུ། འདའ་ཀ་མའི་ཟིན་བྲིས་གསལ་བར་བཀོད་པ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། གནས་གསར་བ། ངག་དབང་བློ་གསལ་ཕུན་ཚོགས། ངག་དབང་ཀུན་དགའ་མཁྱེན་རབ། རྗེ་ཕྱོགས་ལས་རྣམ་རྒྱལ། བྱམས་པ་ཕྲིན་ལས་ཡོན་ཏན། ངག་དབང་བསྟན་འཛིན་སྙན་གྲགས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། བྱམས་པ་སྙན་གྲགས་ཐར་པ། མཆོག་སྤྲུལ་ཨ་ནནྟའི་མཚན་ཅན། རྗེ་བཙུན་པདྨ་ཕྲིན་ལས། བླ་མ་དགེ་འདུན་བཟང་པོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ། །སྒྲུབ་ཐབས་ཉུང་གསལ་གོ་བདེ་རྨོར་ཆེན་གྱིས་