R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༣བ
[A:༣༣༣བ]མཛད་པ། གསོལ་འདེབས་ཐུགས་རྗེ་མྱུར་བསྐུལ་དང་། རྣལ་འབྱོར་མའི་རྒྱུན་ཁྱེར་བསྡུས་པ་རྨོར་ཆེན་གྱིས་བཀྲ་ཤིས་ཆོས་སྡེར་བྲིས་པའི་མཐར་ཅན། ཞིང་བཀོད་དང་མཐུན་པའི་བསྟོད་པ་མཁའ་སྤྱོད་བགྲོད་པའི་ཐེམ་སྐས། མཆོག་ཕྲེང་རྒྱས་པ་བྱ་ཚུལ་བསོད་ནམས་རབ་རྒྱས། ཚོགས་མཆོད་བྱ་ཚུལ་ཉུང་ངུ་རྣམ་གསལ། རྣལ་འབྱོར་བཅུ་གཅིག་གི་ཉམས་ལེན་སྙིང་པོར་དྲིལ་བ་སྙན་བརྒྱུད་གསེར་གྱི་ཡང་ཞུན་དང་། སྙན་བརྒྱུད་གསེར་གྱི་ཡང་ཞུན་གྱི་ཁ་སྐོང་རྩ་དབུ་མའི་མན་ངག་ཤིན་ཏུ་ཟབ་པ་རྨོར་ཆེན་གྱིས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། ཁྱབ་བདག་གནས་གསར་བ་ཆེན་པོ། ས་ཆེན་ཀུན་དགའ་བློ་གྲོས། འཆི་མེད་བསྟན་པའི་ཉི་མ། འཇམ་མགོན་ཀུན་དགའ་རྒྱལ་མཚན། འཁོན་སྟོན་བཀྲ་ཤིས་རིན་ཆེན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། བྱམས་པ་སྙན་གྲགས་ཐར་པ། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བཙུན་པདྨ་ཕྲིན་ལས་མན་གོང་བཞིན་ནོ། ། རྣལ་འབྱོར་མའི་སྒྲུབ་ཐབས་ཚིགས་བཅད་མ་བཀླགས་པས་མྱུར་འགྲུབ་གནས་གསར་བས་མཛད་པའི་བརྒྱུད་པ་ནི། ༈ མཛད་པ་པོ་ལས་ཀུན་བློས་གསན་སྙམ། དེ་ནས་གོང་བརྗོད་མ་ཐག་པ་ལྟར་རོ། གནས་གསར་བས་མཛད་པའི་སྒྲུབ་ཐབས་ཐུན་མིན་ནག་འཕྲོས་བཀླག་ཆོག་མའི་ལུང་བརྒྱུད་ནི། ༈ མཛད་པ་