[A:༣༣༤ན]
པོ་ལས། ཀུན་དགའ་བློ་གྲོས། བསྟན་འཛིན་ཕྲིན་ལས། ཕྱོགས་ལས་རྣམ་རྒྱལ། དེ་གཉིས་ཀ་ལས་ཕྲིན་ལས་ཡོན་ཏན། བསྟན་འཛིན་སྙན་གྲགས། བློ་ལྡན་དབང་ཕྱུག །བསོད་ནམས་བརྟན་པ། མཁྱེན་རབ་ཕྲིན་ལས། ངག་དབང་ཀླུ་སྒྲུབ། སྙན་གྲགས་ཐར་པ། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བཙུན་པདྨ་ཕྲིན་ལས་མན་འདྲའོ། །
ཡང་སྒྲུབ་ཐབས་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་ཁྲིད་འཆད་ཐབས་ས་ཆེན་ཐུགས་ཏིག་གི་ལུང་ཐོབ་པའི་བརྒྱུད་པ་ནི། ས་སྐྱ་པ་ཀུན་དགའ་རྒྱལ་མཚན་ཡན་རྩ་བའི་ལུང་བརྒྱུད་ལྟར་ལ། དེ་ནས། ངག་དབང་རྡོ་རྗེ་རིན་ཆེན། ཀུན་གཟིགས་མཁྱེན་བརྩེ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། བྱམས་པ་སྙན་གྲགས་ཐར་པ། མཆོག་སྤྲུལ་ཀུན་བསྟན་ནས་གོང་བཞིན།
ཡིག་རྙིང་རྣལ་འབྱོར་མའི་སྔགས་ཁྲུས་ནད་ཐམས་ཅད་ལ་ཕན་པ་དང་། རྡིལ་སྦྱོང་བཅས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། གཟིམས་འོག་སྤྲུལ་སྐུ་ཡན་རྩ་བའི་བརྒྱུད་པ་ལྟར་དང་།