R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༤བ
[A:༣༣༤བ]དེ་ནས་འཇམ་དབྱངས་མཁྱེན་བརྩེའི་མན་འདྲ། རྡོར་བྲག་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱིས་མཛད་པའི་སྐོར་ལ། སྒྲུབ་ཐབས་དྲན་གསོ་གསལ་བའི་མེ་ལོང། རྣལ་འབྱོར་བཅུ་གཅིག་གི་ཉམས་ལེན་གསལ་བའི་མེ་ལོང་། བརྒྱུད་འདེབས་དང་སྨོན་ལམ་གྱི་དོན་འགྲེལ་སྙན་བརྒྱུད་བདུད་རྩིའི་ཉིང་གུ། བསྐྱེད་རྫོགས་ཀྱི་ཟབ་གནད་བསྡུས་པ་མཐོང་བ་རབ་གསལ། བསྙེན་ཡིག་དངོས་གྲུབ་མཆོག་སྟེར། ཚོགས་འཁོར་ཚོགས་གཉིས་མྱུར་འགྲུབ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། བླ་མ་ཀུན་དགའ་ཚུལ་ཁྲིམས། ངག་དབང་བློ་གསལ་ཕུན་ཚོགས་མན་གོང་རྨོར་ཆེན་གྱིས་མཛད་པའི་ལས་བཞིའི་སྦྱིན་སྲེག་བཀླགས་པས་དོན་འགྲུབ་སོགས་ཆོས་ཚན་གསུམ་པོའི་ལུང་བརྒྱུད་དང་འདྲའོ། ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ལུས་མ་སྤངས་པར་མཁའ་སྤྱོད་སྒྲུབ་པའི་ཐབས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་མར་མེའི་སྦྱིན་སྲེག་ཉུང་དུ་རབ་གསལ་གྱི་ལུང་གི་བརྒྱུད་པ་ནི། མཛད་པ་པོ་ནས། ཐུགས་སྲས་ཀུན་དགའ་བསོད་ནམས། མང་ཐོས་བསོད་ནམས་རྒྱལ་མཚན། རྡོར་འཛིན་དགེ་འདུན་རྒྱ་མཚོ། ཕྲིན་ལས་རིན་ཆེན། འཇམ་དབྱངས་