R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༥ན
[A:༣༣༥ན]བློ་གསལ། འཇམ་མགོན་མཁྱེན་བརྩེ་མན་འདྲ། མཁའ་སྤྱོད་ཞལ་བཟང་ལྟ་བའི་སྨོན་ལམ་གྱི་རྣམ་འགྲེལ་འདབ་སྟོང་གྲོལ་བའི་ཁ་ཆར་གྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། དེ་དབོན་དགེ་ལེགས་ལྷུན་གྲུབ། ཐུགས་སྲས་ཀུན་བསོད་མན་འདྲ། ༈ ཁྲི་ཆེན་ངག་དབང་ཀུན་མཁྱེན་གྱིས་མཛད་པའི་ཚར་ལུགས་ཐུན་མིན་གྱི་བྱིན་རླབས་བྱ་ཚུལ་སྙན་བརྒྱུད་གསེར་གྱི་ཕྲེང་བའི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། གཟིམས་འོག་བསྟན་འཛིན་ཕྲིན་ལས། ཕྲིན་ལས་ཡོན་ཏན། བསྟན་འཛིན་སྙན་གྲགས། བསྟན་འཛིན་ཤེས་རབ། ཤེས་རབ་ཆོས་འཕེལ། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བཙུན་པདྨ་ཕྲིན་ལས། བླ་མ་རིན་པོ་ཆེ་དགེ་འདུན་བཟང་པོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ལའོ། ། ༈ ཆབ་མདོ་ཞི་བ་ལྷ་འཕགས་པ་དགེ་ལེགས་རྒྱལ་མཚན་གྱིས་མཛད་པའི་གནས་གསར་བའི་གསུང་ཟིན་བྲིས་ཁྲིད་ཡིག་ཁྱབ་བདག་བླ་མའི་ཞལ་ལུང་སྙིང་གི་མུན་སེལ་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཐུའུ་ཀྭན་རིན་ཆེན་བློ་བཟང་ཆོས་ཀྱི་ཉི་མ། སེམས་ཉིད་སྤྲུལ་སྐུ་བློ་བཟང་མཆོག་