[A:༣༤༡ན]ན་མོ་གུ་རུ་ཀྲོདྷ་རཱ་ཛ་མཎྜལ་བྷྱཿ ཞེས་པ་ནས། ཆ་ལུང་རྡོ་རྗེའི་བྲག་རྫོང་དུ་སྦྱར་བའོའི་མཐའ་ཅན། དབང་ཆེན་དཔའ་བོ་གཅིག་པའི་མངོན་རྟོགས་མགོར། བླ་མ་རྣམས་ལ་ཕྱག་འཚལ་ལོ། ཞེས་པ་ནས། བྲིས་པ་ཨི་ཐིའི་མཐའ་ཅན། ཡབ་ཡུམ་རྐྱང་སྒྲུབ་གདོན་བགེགས་བསྐྲད་པའི་སྔགས་དམིགས་ཅན་གྱི་མགོར། དཔལ་ཧ་ཡ་གྲཱི་ཝ། ཞེས་པ་ནས། སྟྭཾ་བྷ་ཡ་ནན་གྱིས་མཐའ་ཅན། ཚར་ཆེན་གྱིས་མཛད་པའི་ཡབ་ཡུམ་རྐྱང་སྒྲུབ་དངོས་གྲུབ་མྱུར་སྩོལ་མགོར། བླ་མ་དམ་པ་ཞེས་པ་ནས། དགོན་པར་སྦྱར་བའོའི་མཐའ་ཅན། མཁྱེན་བརྩེའི་གསུང་ཡབ་རྐྱང་སྒྲུབ་ཐབས་མགོར། ན་མོ་གུ་རུ་པདྨ་ཧེ་རུ་ཀཱ་ཡ། ཞེས་པ་ནས། འབྱུང་བར་ཤོག་གི་མཐའ་ཅན། ཡབ་ཡུམ་རྐྱང་སྒྲུབ་ཀྱི་ཕྲིན་ལས་ཨོ་རྒྱན་གྱིས་མཛད་པའི་མགོར། སློབ་དཔོན་པདྨ་བཟང་པོས་མཛད་པ། ཞེས་པ་ནས། བསྡུས་དོན་སྦྱར་བ་རྫོགས་སོའི་མཐའ་ཅན། ཧ་ཡ་གྲཱི་ཝའི་ཕྲིན་ལས་ངག་འདོན་གཉགས་བན་གྱིས་མཛད་པའི་མགོར། སངས་རྒྱས་ཀུན་འདུས་བླ་མ་དང་། ཞེས་པ་ནས། ཉན་པོའི་གཙུག་ལག་ཁང་དུ་བྲིས་སོའི་མཐའ་ཅན།