[A:༣༤༨ན]པཎྜི་ཏ་དད་བྱེད་གོ་ཆ་ལས་བརྒྱུད་པའི་མགོན་པོའི་གདམས་པ་ལོ་ཆེན་རིན་བཟང་གིས་བསྒྱུར་བ་མལ་ལོ་ཙཱ་བའི་ལུགས་སུ་གྲགས་པ་དང་། ཀསྨི་རའི་བསོད་སྙོམས་པ་ཆེན་པོ་པཎ་ཆེན་ཤཱཀྱ་ཤྲཱི་ལས་བརྒྱུད་པའི་མགོན་པོའི་གདམས་པ་ས་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར་བྱ་སྟེ། ལོ་པཎ་ཆེན་པོ་བཞི་ལས་བརྒྱུད་པའི་བཀའ་མ་ཆད་པ་ཆུ་བོ་ཆེན་པོ་བཞིའི་རྒྱུན་ལྟར་བབས་པའོ། །གྱི་ལྗངས་ལུགས་ནི། ལོ་ཆེན་རིན་བཟང་ནས་མལ་ལོར་བརྒྱུད་པ་མིན་ནའང་བསྟོད་ལུགས་སྨད་ལུགས་གཉིས་སུ་བྱུང་བའི་སྟོད་ལུགས་རྣམས་མལ་ལོ་ནས་བརྒྱུད་པ་ཡིན་པས། བཀའ་བབས་ཕྱི་མའི་ཁོངས་སུ་དོན་གྱིས་འདུ་ཞིང་། ལྷ་བཙུན་མའི་དཔང་ལོ་ཆེན་ནས་བརྒྱུད་པ་དང་། གྱི་ལྗང་སྨད་ལུགས་ཀྱི་གདམས་སྐོར་རྣམས་རྗེ་བཙུན་གོང་མ་རྣམས་ལས་མ་བརྒྱུད་ནའང་། གཞི་ཐོག་པ་སྔགས་འཆང་ཀུན་དགའ་ཟླ་བ་ནས་ས་ལུགས་སུ་བཀའ་བབས་པས་དེས་ན་མན་ངག་རྣམས་ཕྱོགས་གཅིག་ཏུ་མཛད་པ་ཡིན་ནོ། །
དེ་ལ་བཀའ་བབས་བཞིའི་གདམས་པ་རྗེས་འབྲང་གི་མཁས་གྲུབ་ངོར་པ་དང་། རྫོང་པ་དང་། གོང་