[A:༣༤༧བ]ཀྱིས་ཆེས་ཆེར་གསལ་བར་མཛད་དེ། མ་ཧཱ་ཀཱ་ལའི་ཆོས་སྐོར་གྱི་བརྗེད་བྱང་བསམ་འཕེལ་ནོར་བུའི་ཕྲེང་བ་ལས། ཁྱབ་བདག་གུར་གྱི་མགོན་པོའི་ཆོས་སྐོར་ནི། འཕགས་པའི་ཡུལ་དུ་པཎ་གྲུབ་རྣམས་ཀྱིས་ཕྱེས། །རྒྱུད་རྒྱལ་མ་དྲོས་ཆུ་གཏེར་ལས་བྱུང་བའི། །བཀའ་བབས་རྣམ་བཞིའི་གདམས་པའི་ཆུ་རྒྱུན་ནི། །ལོ་ཙཱ་རྣམ་བཞིའི་གསུང་གི་འབབས་སྟེགས་ལས། །ལེགས་འོངས་ས་སྐྱའི་བླ་ཆེན་ཐུགས་མཚོར་འཁྱིལ། །གང་དེའི་གསུང་གི་བདུད་རྩེའི་ཟེག་མ་ནི། །ཕྱོགས་བརྒྱར་འཕྲོས་པས་ཁ་བའི་སྨན་ལྗོངས་འདིར། །ཟབ་དོན་སྦུ་ཕྲེང་བྱེ་བས་ཕྱུག་པ་ཡི། །རྗེས་འབྲངས་ཆུ་ཀླུང་རྣམ་བཞི་རིང་དུ་བབས། ཞེས་པ་ལྟར། རྒྱུད་རྒྱལ་རྣམས་ཀྱི་གདམས་པའི་སྙིང་པོ་འཕགས་ཡུལ་པན་གྲུབ་རྣམས་ཀྱིས་སྲོལ་རྒྱས་བསྡུས་སྣ་ཚོགས་ཤིག་བཏོད་པའི་ནང་ནས། རྣལ་འབྱོར་དབང་ཕྱུག་བརྺི་པ་ལས་བརྒྱུད་པའི་ལམ་འབྲས་པའི་གུར་གྱི་མགོན་པོའི་གདམས་པ་ལོ་ཆེན་འབྲོག་མིས་བསྒྱུར་བ་ ༡ དང་། བླ་མ་རྡོ་རྗེ་གདན་པ་ལས་བརྒྱུད་པ་སྒྲུབ་ཐབས་ཀུན་ལས་བཏུས་པའི་ལུགས་ཀྱི་མགོན་པོའི་གདམས་པ་བ་རི་ལོ་ཙཱ་བས་བསྒྱུར་བ་དང་།