[A:༣ན]སྐྱོབ་མཛད་པ། །
བསླུ་མེད་རིན་ཆེན་གསུམ་གྱིས་དགེ་ལེགས་མཛོད། །༥
རྒྱལ་བའི་སྤྱན་སྔར་རྒྱལ་བསྟན་སྐྱོང་ལ་ནམ་ཡང་མི་གཡེལ་ཞལ་འཆེས་པ། །
རྒྱལ་བའི་རྣམ་སྤྲུལ་གུར་ཞལ་ལ་སོགས་དམ་ཅན་རྒྱ་མཚོ་འཁོར་བཅས་དང་། །
གང་དེའི་མཐུན་རྐྱེན་ལེགས་ཚོགས་སྤེལ་མཛད་རྒྱལ་པོ་ཆེན་པོ་ངལ་བསོས་བུ། །
སྨུག་འཛིན་ཟུང་སོགས་ནོར་ལྷའི་ཚོགས་ཀྱིས་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། །༦
ཟབ་ཅིང་རྒྱ་ཆེའི་བཀའ་སྲོལ་རྒྱ་མཚོ་ལས། །
སྔོན་བསགས་དད་བརྩོན་དྲན་དང་ཤེས་རབ་ཀྱིས། །
ཆ་ཤས་ཐོབ་པའི་རྣམ་གྲངས་ཇི་སྙེད་པ། །
དྲན་པའི་གསོས་སུ་འགོད་ལ་གནང་བ་སྩོལ། །༧
ཞེས་ཤིས་བརྗོད་ཀྱི་ཚིག་གིས་རྣམ་དཀར་གྱི་བྱ་བ་ལ་བར་ཆད་མི་འབྱུང་ཞིང་མཐར་ཕྱིན་པར་འགྱུར་བའི་རྟེན་འབྲེལ་གྱི་སྒོ་ཡངས་པོར་བྱས་ནས། འདིར་གང་ཞིག་ཡི་གེའི་ལམ་དུ་འགོད་པར་བྱ་བ་ནི། མདོ་རྒྱུད་བསྟན་བཅོས་རྣམས་ནས་དངོས་སུ་བསྟན་པའི་བླ་མའི་མཚན་ཉིད་དང་ཡོན་ཏན་མ་ཚང་བ་མེད་པ་བདག་གིར་