[A:༣བ]བཞེས་པའི་སྐྱེས་བུ་དམ་པ་དེད་དཔོན་མཁས་པ་ལྟ་བུ་རྣམས་ཀྱི་ཐུགས་རྗེ་ལ་བརྟེན། ཕན་བདེ་མ་ལུས་པའི་སྒོ་གཅིག་པུར་གྱུར་པ་རྒྱལ་བསྟན་རིན་པོ་ཆེ་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཚུལ་བདུད་རྩིའི་རྒྱ་མཚོ་ལས། སྔོན་བསགས་བསོད་ནམས་དང་། དད་བརྩོན་ཤེས་རབ་མི་དམན་པས་ལེགས་པར་བླངས་ཤིང་རང་རྒྱུད་གཏམས་པར་བྱས་པའི་ཆོས་ཀྱི་རྣམ་གྲངས་རྣམས་དང་། གང་ལས་བྱུང་བའི་བརྒྱུད་པའི་ཁྱད་པར་རྣམས་བརྗེད་པས་འཇིགས་ནས་རང་གཞན་ལ་སྨན་པའི་བསམ་པས་རིམ་པར་འགོད་པ་ལ། མི་འཁྲུགས་ཤིང་བལྟ་བདེ་བའི་ཕྱིར་རིམ་པར་ཕྱེ་བ་བཅུ་རུ་ཕྱེ་ནས་སྟོན་པ་སྟེ། དེ་ཡང་། དང་པོར་ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན་མཆོག་ལས་ཐོབ་པ་དང་།གཉིས་པར་ཨེ་ཝྃ་ཁང་གསར་མཁན་ཆེན་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་ཞལ་སྔ་ནས་ཐོབ་པ་རྣམས་དང་། གསུམ་པར་གང་གི་རྒྱལ་ཚབ་ཁང་གསར་ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་འཛིན་སྙིང་པོ་ལས་ཐོབ་པ་རྣམས་དང་། བཞི་པར་མཁྱེན་སྤྲུལ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས་ཐོབ་པ་རྣམས་དང་། ལྔ་པར་དཔལ་