R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༤༩ན
[A:༣༤༩ན] སྙན་བརྒྱུད་ཚད་མ་བཞི་ལྡན་དང་སྦྱར་བའི་ལུགས་ལྟར་ན་ཁོག་དབུབས་ལོ་རྒྱུས་རྣམས་ནི་བླ་མ་ཚད་མ་དང་། ཉམས་ཁྲིད་དང་མངོན་སྤྱོད་དྲག་པོའི་ལས་སྦྱོར་སོགས་ཕྱག་ལེན་དམར་ཁྲིད་དུ་བསྟར་བ་ནི་ཉམས་མྱོང་ཚད་མ། རྒྱབ་རྟེན་གྱི་མན་ངག་བེའུ་བུམ་རྣམས་བསྟན་བཅོས་ཚད་མ། བཤད་ཁུངས་ཀྱི་རྒྱུད་དང་རྒྱ་གཞུང་རྣམས་ནི་ལུང་ཚད་མར་ཡང་འགྱུར་ལགས། གཙོ་བོ་སྙན་བརྒྱུད་བཞི་དང་སྦྱོར་དགོས་པས། དེ་ནི་བྱིན་རླབས་ཆུ་བོའི་རྒྱུན་དང་འདྲ་བའི་བཀའ་མ་ནུབ་པ། གདམས་ངག་གསེར་འགྱུར་གྱི་རྩི་ལྟ་བུའི་སརྒ་མ་ལོག་ ༢ པ། མོས་གུས་གཞོན་ནུའི་དགའ་བ་ལྟ་བུའི་བསམ་པ་ཚིམས་ ༣ པ། བསྙེན་བཀུར་ལྷ་འདོད་ཡོན་ལ་ལོངས་སྤྱོད་པ་ལྟ་བུའི་དཔལ་འབྱོར་གྱི་རྒྱུན་མ་ཉམས་པ་སྟེ་བཞིའོ། །འགའ་ཞིག་ཏུ་བྱིན་རླབས་ཀྱི་སྒོ་དབྱེ་བའི་རྟེན་ འབྲེལ་དང་པོར་བསྒྲིགས་པའི་ཆེད་དུ་སྙན་བརྒྱུད་བཞི་པ་དང་པོར་བྱས་པའི་གོ་རིམ་ཡོད་པ་དང་། ཡང་ན་བླ་མ་སྔ་ཕྱི་མང་པོའི་གསུང་སྒྲོས་སུ་སྙན་བརྒྱུད་གསུམ་པ་དང་། བཞི་པ་གཉིས་གོ་རིམ་ལྡོག་པར་བཤད་པའི་ཚུལ་ཡང་ཡོད་དོ། །