R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༣བ
[A:༣༥༣བ]དམ་པ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་གཅིག་ཤེས་ཀུན་གྲོལ་གྱི་ཡི་གེ་ལ་བརྟེན་ནས་གསང་ཁྲིད་སྨིན་བྱེད་ལྷ་བརྒྱད་ཀྱི་སྟེང་དུ་ལས་མཁན་ཟངས་ལྕགས་ཀྱི་མངོན་རྟོགས་བསྣན་པའི་ལྷ་དགུའི་རྗེས་
(༡༠)
གནང་། བཀའ་རྒྱ་ཤིན་ཏུ་དམ་པ་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པའི་ཡི་གེ་ལྟར་དཔལ་ལྡན་ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་ཐུན་མོང་བའི་རྗེས་
(༡༡)
གནང་། རྔོག་སྟོན་བསོད་ནམས་བསྟན་འཛིན་གྱིས་མཛད་པའི་ཡི་གེ་ལྟར་ལྷ་མོ་དུད་སོལ་མའི་གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་
(༡༢)
གནང་ནན་ཆགས་མར་གྲགས་པ་བཀའ་རྒྱ་ཤིན་ཏུ་དམ་པ། ཚར་ཆེན་གྱིས་མཛད་པའི་ཟིན་ཐོ་དང་། མཁས་དབང་བཀྲ་ཤིས་དབང་ཕྱུག་པས་མཛད་པའི་རྗེས་གནང་བྱ་ཚུལ་གྱི་ཡི་གེ་འཇིགས་རུང་ཧ་ཧའི་གད་རྒྱང་སྟེང་ནས་བརྒྱུད་པའི་གསུང་བགྲོས་ལྟར་ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན་གྱི་རྗེས་
(༡༣)
གནང་བཀའ་རྒྱ་མ། སོང་མ་ཐག་པའི་ཡི་གེ་གཉིས་དང་། ངག་ཆོས་ཀྱི་མཛད་པའི་ཟངས་གྲི་སྐོར་གསུམ་གྱི་རྗེས་གནང་གི་ཟིན་བྲིས་ལ་བརྟེན་ནས་གཅེར་བུ་ཟངས་གྲི་ཅན་གྱི་རྗེས་
(༡༤)
གནང་། ཡར་ཀླུང་པའི་ཡི་གེ་གཅིག་ཤེས་ཀུན་གྲོལ་