R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༤ན
[A:༣༥༤ན]ལ་བརྟེན་ནས་གསུང་རྒྱུན་ཕྱག་བཞེས་ལྟར་གསང་བའི་ལས་མཁན་པུ་ཊ་མིང་སྲིང་གི་རྗེས་
(༡༥)
གནང་ཐུན་མོང་མ་ཡིན་པ་ཆིག་བརྒྱུད་བཀའ་རྒྱ་ཅན། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ཡི་གེའི་སྟེང་ནས་པུ་ཊ་ཐུན་མོང་བའི་རྗེས་
(༡༦)
གནང་། རྡོ་རིངས་པས་མཛད་པའི་མངོན་རྟོགས་དང་འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱི་མཛད་པའི་ཡི་གེ་དང་། བརྒྱུད་པའི་གསུང་བགྲོས་ཀྱིས་བརྒྱན་ཏེ་རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོའི་རྗེས་
(༡༧)
གནང་ཐུན་མོང་བ། ཀུན་སྤངས་པས་མཛད་པའི་མངོན་རྟོགས་དང་། ཚར་ཆེན་གྱིས་མཛད་པའི་ཡི་གེ་ལྟར་བྲན་བདུད་ཀྱི་རྗེས་
(༡༨)
གནང་ཐུན་མོང་མ་ཡིན་པ་ཆིག་བརྒྱུད་མ་རྣམས་ལེགས་པར་ནོས་ནས། ༈ སྙན་བརྒྱུད་གཉིས་པ་གསེར་འགྱུར་གྱི་རྩི་དང་འདྲ་བའི་སརྒ་མ་ལོག་པའི་སྐོར་ལ། གདམས་པའི་དངོས་གཞི་དང་། རྒྱབ་བརྟེན་ལུང་དང་འབྲེལ་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་གཉིས་ཀྱི། དང་པོ་ལ། རྗེ་བཙུན་རྡོ་རིངས་པ་ཆེན་པོས་མཛད་པའི་ཕྱི་ཁྲིད་རྡོ་རྗེའི་བྲག་