R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༤བ
[A:༣༥༤བ]རྫོང་མའི་ཡི་གེ་དང་། དེའི་ལྷན་ཐབས་ཀྱི་ཚུལ་དུ་ཐམས་ཅད་མཁྱེན་པ་མཁྱེན་བརྩེས་མཛད་པའི་ཡི་གེ་དང་། ཞྭ་ལུ་བ་གསུམ་གྱི་ཡི་གེ་ལ་གཞི་བྱས། དེ་དག་ཏུ་ཡང་ཡིག་ཆུང་ཟུར་འདེབས་དང་བརྒྱུད་པའི་ཞལ་ཤེས་སོགས་ཀྱིས་བརྒྱན་ཏེ་བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་ཁྲིད་ཡོངས་སུ་རྫོགས་པ་གནང་སྐབས་ཁོག་དབུབ་བྱུང་ཚུལ་ལོ་རྒྱུས་སོགས་ཤེས་པའི་ཕྱིར། ཨ་མེས་ཞབས་ཀྱིས་མཛད་པའི་མགོན་པོའི་ཆོས་འབྱུང་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད་ཀྱི་ལྗགས་ལུང་དང་། དེ་ནས་སྔོན་འགྲོ་ཐུན་མོང་དང་། ཐུན་མོང་མ་ཡིན་པ། དངོས་གཞི་ཟབ་པའི་གནད་ལྔ་དང་། ཁྱད་པར་གྱི་མན་ངག་མདེ་ཁ་འདེགས་པའི་སྒོ་ནས་བསྲུང་བ། སྤྱི་དང་བྱེ་བྲག་ཁྱད་པར་གསུམ་གྱི་སྒོ་ནས་བཟློག་པ། བསྟན་པའི་སྤྱི་དགྲ། རྣལ་འབྱོར་སྒོས་དགྲ་བསྒྲལ་བའི་སྒོ་ནས་གསད་པ། རྫས་དང་དམིགས་པ་ལ་བརྟེན་པའི་མནན་པའི་དམིགས་ཁྲིད་རྣམས་དངོས་བསྟན་ཉམས་སུ་ལེན་ཚུལ་གྱི་ཉམས་ཁྲིད་དང་། མཚོན་ཆའི་རྫས་དང་འཁོར་ལོ་ལ་བརྟེན་པ་སོགས་ཀྱི་ངོ་སྤྲོད་ཕྱག་བཞེས། ཁྱད་པར་ཐུན་མོང་མ་ཡིན་པའི་མན་ངག་གི་མདེ་ཁ་འདེགས་