R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༥ན
[A:༣༥༥ན]པ་གསུམ་གྱི་ནང་ཚན། ནང་དམ་ཚིག་གི་འཁོར་ལོས་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་ཞེས་པ་རྣམ་རྟོག་གི་བདུད་བཞི་བཅོམ་ནས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཡང་སྙིང་སྐལ་ལྡན་གྱི་སློབ་བུ་གཅིག་ལ་ཆིག་བརྒྱུད་དུ་སྟོན་པ། གོང་གི་ས་བཅད་ཀྱིས་མ་ཟིན་པའི་དྲག་པོ་སྔགས་རྒོད་ཀྱི་མན་ངག་གི་ཁྲིད་འདི་ལ་བརྟེན་ནས་བདག་ཆེན་རྡོ་རྗེ་འཆང་གིས་རྒྱ་འདྲེ་ཚར་གཅོད་པའི་ལོ་རྒྱུས་ངོ་མཚར་བ་ཡང་ཡོད། འདི་དག་ལ་ཕྱི་ནང་གསང་གསུམ་དུ་དབྱེ་ན། གདམས་པ་དངོས་གཞི་སྤྱིའི་
(ཕྱིའི་)
བྲག་རྫོང་། དྲག་པོ་སྔགས་རྒོད་ནང་གི་བྲག་རྫོང་། ཡེ་ཤེས་ཀྱི་འཁོར་ལོ་གསང་བའི་བྲག་རྫོང་སྟེ་ཟབ་ཁྲིད་ཆ་ལག་ཚང་བ་འདི་ནི་རྗེས་འབྲང་གི་མཁས་གྲུབ་ཕལ་ཆེར་ལ་མ་གྲགས་ཤིང་གདུང་རྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པའི་སློབ་བཤད་ཁོ་ན་ཡིན་པའི་རྒྱུ་མཚན་གྱིས། འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱིས། རྗེས་འབྲང་མཁས་དང་གྲུབ་པར་གྲགས་རྣམས་ལ། །ཐུན་མོང་གདམས་པའི་དཔལ་འབྱོར་མཐའ་ཡས་མོད། །གསང་ཆེན་སློབ་བཤད་བདུད་རྩིའི་ཐིགས་པ་འདི། །མཁས་རྨོངས་ཕལ་གྱི་རྣ་བའི་སྤྱོད་ཡུལ་མིན། །