R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༠ན
[A:༣༦༠ན]
ཙམ་མ་གཏོགས་མགོན་པོ་མངོན་བྱུང་དུ་རིགས་དྲུག་གི་རྣམ་བཞག་བསྟན་པའི་ཡིག་ཚོགས་དང་། ཁྲོས་རྒྱུད་ཀྱི་ལེའུ་བཅུ་པར་བཤད་པ་སོགས་རྒྱུད་གཞན་རྣམས་དཔྱད་གཞིར་དགོངས་ནས་མ་བཀོད་དམ་སྙམ། འདི་གྱི་ལྗང་པུ་སྟི་ན་ཡང་ཡོད།
༈ བཞི་པ་རྩ་བའི་སྒྲུབ་ཡིག་ལ། འཕགས་ཡུལ་གྱི་པཎ་གྲུབ་ཀྱི་རྒྱུད་ལ་བརྟེན་པའི་སྒྲུབ་སྐོར། གངས་ཅན་གྱི་སྐྱེས་ཆེན་རྣམས་ཀྱིས་མཛད་པའི་སྒྲུབ་སྐོར་ཏེ་གཉིས། དང་པོ་ལ། མགོར། སྐད་གཉིས་ཤན་སྦྱར་དང་། བླ་མ་ལ་གུས་སྙིང་རྗེར་ལྡན། ཚུལ་ཁྲིམས་སོགས་ལྡན་བསྡུ་དངོས་བཞིས། །ཞེས་ཡོད་པའི་སྒྲུབ་
(༡)
ཐབས་རྒྱས་པ།
སྒྱུར་བྱེད་ཀྱི་ལོ་པཎ་མི་གཅིག་ཙམ་མ་གཏོགས་གྱི་ལྗང་པུ་སྟི་ཀ་ནའང་ཡོད་ཅིང་། བིརྺའི་སློབ་མ་ནག་པོ་པ་དང། བཀའ་བསྟོད་གཤིན་རྗེ་ཚོགས་བདག །གནོད་སྦྱིན་ལྟར་གྱི་ཕོ་རྐྱང་གི་སྒྲུབ་ལུགས་བཞི་བྲམ་ཟེ་ཆེན་པོས་གསན་པ་ཡིན།
(࿄)
(࿅)
བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། ཡང་མཛད་པ་པོ་དང་ལོ་པཎ་གོང་ལྟར་གྱི་སྒྲུབ་
(༢)
ཐབས་བསྡུས་པ།
(࿄)
མགོར། སྐད་གཉིས་ཤན་སྦྱར་དང་། རྡོ་རྗེ་