R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༠བ
[A:༣༦༠བ]ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། སྔར་གསུངས་པའི་ཆོ་གས། ཞེས་ཡོད་པ། མགོར་ཤན་སྦྱར་དང་།
དཀར་ཆག་ན་ཆུང་ངུ་ཟེར་བ་འདུག་ཅིང་གསེར་པོད་ཀྱི་ཡིག་སྐྱོན་ཡིན་ནམ་དབུ་ནས་ཅུང་མི་མཐུན།
རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གསུངས་པའི་རིམ་པ་སྟོང་པ་ཉིད་དུ་བསྒོམ་པའི་རྗེས་ལ། ཞེས་ཡོད་པའི་
(࿄)
ནག་པོ་ཆེན་པོའི་སྒྲུབ་
(༣)
ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཙཱ་བ་གར་རོད་ཀྱིས་བསྒྱུར་བ། མགོར། ཤན་སྦྱར་དང་། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐོ་རངས་མལ་ནས་ལངས་ནས། ཞེས་ཡོད་པའི་ནག་པོ་ཆེན་པོའི་སྒྲུབ་
(༤)
ཐབས་བྱིན་རླབས་དང་བཅས་པ།
(࿄)
སློབ་དཔོན་བསོད་སྙོམས་པས་མཛད་པ་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀིརྟིས་བསྒྱུར་བ། མགོར་སྐད་གཉིས་ཤན་སྦྱར་དང་། དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །དེ་ཁོ་ན་བཞིན་དུ་སྔོན་དུ་བསྟན་པའི་ཆོ་གའི། ཞེས་ཡོད་པའི་སྒྲུབ་
(༥)
ཐབས།
(࿄)
(མུ)
བྲམ་ཟེ་མཆོག་སྲེད་