R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༥ན
[A:༣༦༥ན]
པས་ལྷ་བརྒྱད་མའམ་བཅུ་གཉིས་མའི་མངོན་རྟོགས་ཞེས་གདམས་གར་བཞེད་ཅིང་། འགའ་ཞིག་ཏུ་བུ་ལུང་ཀུན་རྡོར་གྱིས་མཛད་གསུངས་ཀྱང་རང་ལུགས་ལ་མི་བཞེད།
མཛད་པ། དེ་ལ་ཉེ་བར་མཁོ་བ་མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་རྣམ་པ་གཉིས་ལས་མཁན་དང་བཅས་པ་བཀའ་སྡོད་དུ་སྒྲུབ་པའི་དུས་སུ། ཞེས་ཡོད་པའི་སྒྲུབ་པ་དང་
(༢)
ལས་སྦྱོར་སྟོན་པའི་
(࿄)
(མུ)
བཀའ་སྡོད་ཀྱི་ཡི་གེ་དགོས་ཤིང་བཅས་ནས་བཏབ་པ་ཡིན་པ་ས་མཱཔྟའི་མཐའ་ཅན།
འདི་ལྷག་བསམ་རབ་དཀར་གྱི་དྲིས་ལན་ན་མལ་དབོན་གྱིས་མཛད་ཅེས་སྣང་ཞིང་། རྫོང་ཆུང་པས་དཀར་ཆག་ན་སྦགས་སྒྲུབ་ཀྱི་ཟིན་བྲིས་ཟེར་བ་འདུག་ཅིང་མཇུག་ན་འབོད་རྦད་བསད་གསུམ་དྲིལ་བ་ཞེས་པའི་ཡིག་ཆུང་ཞིག་བཏགས་འདུག །
དཀྱིལ་འཁོར་ལ་
འདི་ལ་རྡོ་རྗེ་གདན་པའི་གསན་ཡིག་ཏུ་རྒོ་འབོད་བསད་གསུམ། ཐུན། ཕུར་པ། བ་དན། དམ་ཤིང་། ཟོར། སྦྱིན་སྲེག་སྟེ་དྲུག་གིས་བསད་པ་དྲུག་ཁ་ཕྲལ་ནས་མཛད་འདུག །
བརྟེན་ནས་རྩུབ་ལུགས་སུ་སྒྲུབ་
(༣)
པ། མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། མཁའ་འགྲོ་སྦགས་ཏེ་སྒྲུབ་པའི་མན་ངག་བརྗོད་པར་བྱའོ། །
(࿄)
(࿅)
ཞེས་ཡོད་པ་ཤཱཀྱའི་དགེ་སློང་ཐེག་པ་མཆོག་གི་རྣལ་འབྱོར་པ་བློ་གྲོས་སེང་གེས་མཛད་