R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༥བ
[A:༣༦༥བ]པ།
མལ་ལོའི་དབོན་པོ་ཡིན་འདི་མལ་དང་འཕགས་པའི་དུས་གང་དུ་བྱུང་དཔྱད་དགོས་པ་འདུག་གོ །
མགོར། ན་མོ་གུ་རུ་བྷྱཿ ན་མོ་མ་ཧཱ་ཀཱ་ལ་ཡ། སྤྱིར་བྲམ་ཟེ་མཆོག་སྲེད་ཀྱིས་མགོན་པོ་ལྕམ་དྲལ་སྒྲུབ་ལུགས་ལ།
(མུ)
(࿄)
(࿅)
ཞེས་ཡོད་པའི་ལྷ་བརྒྱད་ཀྱི་
(༤)
སྒྲུབ་ཚུལ།
རྡོ་རྗེ་གདན་པའི་གསན་ཡིག་ན། རྫས་དང་ལོངས་སྤྱོད་སྲུང་བ། དངོས་གྲུབ་སྒྲུབ་པ། འཁུ་ལྡོག་སྤང་བ་ཞེས་བརྗོད་དོན་གསལ་བར་སྣང་ཞིང་གཙོ་འཁོར་སྔགས་སྒྲུབ་ཏུ་བཞེད། རྫོང་པ་རྣམས་འདི་བཞི་དྲིལ་བ་ཡིག་སྣ་ཆེན་པོ་ཞེས་དཔེ་ཚན་གཅིག་ཏུ་བཞེད། དོན་ལ་ཡང་གནས་སོ།།
མྱུར་བར་འདོད་པས་ལས་ལ་རྩུབ་དང་བརྡོས་ཏེ་ལས་ལ་སྦྱར་བས་ཟླ་ཕྱེད་ཀྱིས་རྩལ་ཆེན་རྫོགས་པའི་མན་ངག་རྗེ་ས་ཆེན་གྱིས་མཛད་པ། དེས་མཛད་པའི་མགོར། འཇམ་ཞིང་ཞི་བའི་ལས་ལ་ཡུན་སྲིང་སྟེ་
(༥)
སྒྲུབ་པ་ལ་ཡང་
(མཆོག་རྟེན)
(མུ)
(࿅)
ཞེས་ཡོད་པའི། ཞི་བའི་ལས་རྫོགས་སོའི་མཐའ་ཅན།
རྡོ་རྗེ་གདན་པའི་གསན་ཡིག་ན་འདི་ལ་མོ་རྐྱང་དུ་སྒྲུབ་པའི་ཐ་སྙད་མཛད་འདུག །
དེས་མཛད་པའི་མགོར། དཔལ་ལྡན་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ།། ཤིན་ཏུ་མྱུར་བའི་ལས་ལ་ཞག་བདུན་གྱིས་རྩལ་ཆེན་རྫོགས་
(༦)
པ་
(࿄)
(མུ)
(࿅)
ནི་ཞེས་ཡོད་པ། ལྡོག་པའི་ཉན་ཡོད་པ་གཟབ་པར་བྱའོའི་མཐའ་ཅན། དེས་མཛད་