R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༧༨ན
[A:༣༧༨ན]བ་ཡིན་ནམ་སྙམ། དཀར་ཆག་ཏུ། དེ་ནི་ཞར་ལས་འོངས་པ་འཁོར་ལོའི་དཔེའུ་རིས་རྣམས་ཞེས་གསུངས་ལ། རགས་རིམ་ཙམ་ལས་མི་གསལ་ཞིང་། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གདུང་བརྒྱུད་
ཁོ་ན་ལས་ཆིག་བརྒྱུད།
དུ་བྱོན་པ། ཡར་ཀླུང་པ། བར་སྡིངས་པ་སྟེ་བརྒྱུད་པ་གསུམ་གྱི་དཔེའུ་རིས་རྣམས་ཚང་ཞིང་བསླད་མ་ཞུགས་པ་བདག་ཆེན་རྡོ་རྗེ་འཆང་གི་ཕྱག་བྲིས་དངོས་ལ་འབྲུ་ལན་མཛད་པ་དང་། དེར་མ་ཚང་བ་རྣམས་ཡབ་འཇམ་དབྱངས་ཆོས་རྗེའི་ཕྱག་བྲིས་དངོས་ལས་བཤུ་བར་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་གནང་བ་ལྟར་བཀོད་པ་ལ། མགོན་པོ་དང་ལྷ་མོའི་སྲོག་འཁོར་འདྲ་མིན་བཞི། ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་མཆོག་སྲེད་ཀྱི་གཞུང་ལས་གསུངས་པའི་སྒྲུབ་པའི་བཅའ་གཞི། ཆིངས་ཆེན་དྲུག་དང་འཁོར་ལོའི་བྲི་ཡིག་ནས་གསུངས་པའི་བྱད་མ་རང་གཤེད་དབབ་པའི་འཁོར་ལོའམ་སྲུང་ཟློག་སྦྲགས་མའི་འཁོར་ལོ། ཕོ་རྐྱང་དུ་སྒྲུབ་པའི་གཤོམ། ཕོ་རྐྱང་མུ་སྟེགས་པ་ལྟར་སྒྲུབ་པའི་གཤོམ། ཕོ་རྐྱང་གི་སྐབས་ཟན་ལིང་གི་སྙིང་གར་འཇུག་པའི་འཁོར་ལོ། ལས་མགོན་གྱི་བླ་རྡོའི་འཁོར་ལོ། ཕོ་