[A:༣༧༨བ]རྐྱང་ཚོགས་བདག་ལྟར་སྒྲུབ་པའི་གཤོམ། གཉན་ཕུལ་བྱུང་བས་མཛད་པའི་ཕོ་རྐྱང་གི་སྒྲུབ་པའི་ལས་ཁུང་དང་ཐབ་ཁུང་། གསང་བ་ཡིད་བཞིན་ནོར་བུའི་མགོན་ཁང་སོགས་ལ་དགོས་པ་ལྷ་བརྒྱད་བསྐྱེད་པ་རྟེན་གྱི་དཀྱིལ་འཁོར། གསང་བ་ཡིད་བཞིན་ནོར་བུའི་བསད་པའི་ལས་ཁུང་། དྲུང་ཆོས་རྗེ་པས་བཞེད་པའི་ལས་ཁུང་རྩ་ང་དང་བཅས་པ། མགོན་པོ་ཕུར་བུ་ལྟར་སྒྲུབ་པའི་སྒྲུབ་ཐབས་རྒྱས་བསྡུས་སོ་སོའི་གཤོམ། པུ་ཏྲ་མིང་སྲིང་གསུམ་གྱི་ཙཀླི། དམ་ཤིང་དང་བ་དན་གྱི་དཔེ། སྤྲ་ཚིལ་གྱི་ལིང་ག་གསལ་ཤིང་ལ་བསྐྱོན་པ། གཏོར་ཟོར། རྡོ་ཟོར། ཁྲག་ཟོར། མདའ་ཟོར། རྭ་ཟོར། ཀོང་ཟོར། ཕུར་ཟོར། ལྷ་བརྒྱད་འཇམ་ལུགས་སུ་བསྒྲུབ་པའི་གནོད་སྦྱིན་ཕོ་མོའི་འཁོར་ལོ། རུ་མཚོན་རྩེ་ལྔའི་གཤོམ། ལྷ་བརྒྱད་རྩུབ་ལུགས་ཀྱི་གནོད་སྦྱིན་ཡབ་ཡུམ་གྱིས་འཁོར་ལོ། སྦགས་སྒྲུབ་དུས་ཐུན་གྱིས་བསད་རྒྱུའི་ལིང་ག་སྔགས་ཅན་དང་། མེའི་གདུང་བའི་བསད་པའི་འཁོར་ལོ། མཁའ་འགྲོ་འཁུ་ལྡོག་སྤང་བའི་འཁོར་ལོ། ཕོ་རྐྱང་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱི་གཞུང་ལྟར་ཟན་ལིང་གི་ཁོག་པར་འཇུག་རྒྱུའི་འཁོར་ལོ། དམ་པས་མཛད་པའི་ངག་གནོན་ལིང་ག །རང་