R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༤བ
[A:༣༨༤བ]མདོས་སྐོང་རྒྱས་པ་ནག་པོ་ཆེན་པོའི་བཀའི་གནང་བ་ཐོབ་ནས་འཕགས་པའི་ཞབས་རྡུལ་སྤྱི་བོས་ལེན་པའི་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། མགོར། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་མ་ཧཱ་ཀཱ་ལ་ལྕམ་དྲལ་གྱི་སྐོང་བཤགས་བྱ་བ་ལ། ཞེས་ཡོད་པའི་
(࿄)
(࿅)
མདོས་དང་གཏོར་མ་ཐུན་མོང་གི་བསྐང་བ་ཆོས་ཉིད་མར་གྲགས་པ་སྔགས་འཆང་རྣམས་ཀྱིས་གཅེས་པར་མཛོད་ཀྱི་མཐའ་ཅན།
འདི་རང་ལུགས་དམ་པའི་བསྐང་བ་ཆུང་བར་ངོས་འཛིན།
རྡོ་རྗེ་ནག་པོ་ཆེན་པོའི་སྐོང་བཤགས་
(࿄)
(མུ)
ནག་པོ་མཆོད་རྟེན།
འདི་དམ་པའི་གསུང་དངོས་མིན་པར་བསྐང་མདོས་ཆེན་མོ་ལས་སྔགས་འཆང་གཟུངས་ཀྱི་དཔལ་བས་ཟུར་དུ་ཕྱུང་བ་ཡིན་ཞེས་བདག་ཆེན་རྡོ་རྗེ་འཆང་གིས་གསུངས་ཤིང་གོང་དཀར་རྡོ་རྗེ་གདན་པའང་དོན་གྱིས་བཞེད། རྫོང་ཆུང་པ་རྡོ་རྗེ་རྒྱལ་མཚན་དམ་པའི་བསྐང་གསོ་འབྲིང་པོའི་ཐ་སྙད་མཛད།
མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིའི་གཤོམ་ལ་གཡང་བཞིའི་སྟེང་དུ་ཞེས་ཡོད་པའི་
(མུ)
ཆོས་ཉིད་མ་དམ་པའི་བསྐང་གསོ་ཆུང་བར་བཞེད་པ། མགོར། ན་མོ་གུ་རུ། གཟུངས་གསར་པའམ་རྙིང་པ་གསོ་བར་འདོད་ན། ཞེས་ཡོད་པའི་