R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༥ན
[A:༣༨༥ན]
(࿄)
(མུ)
ནག་པོ་ཆེན་པོའི་གཟུངས་འཛུགས་ལུགས་
མི་འབར་མའང་ཡོད།
བཀའ་བསྒོ་དཔལ་ལྡན་མ་ཧཱ་ཀཱ་ལ་འཕགས་པས་
(࿄)
(མུ)
མཛད་པ།
གླེགས་བམ་ན་འདིའི་མགོར་འཕགས་པ་རིན་པོ་ཆེས་ཆུ་བྱར་མི་ཉག་གི་ཡུལ་དུ་མཛད་པའི་གཟུངས་འཛུགས་བསྟན་པ་དྲི་མེད་མ་ཟེར་བ་ཞིག་སྣང་བ་དཀར་ཆག་ཏུ་མི་འདུག་པ་ཆད་དམ་སྙམ། མཆོད་རྟེན་མུ་རྟགས་ཡོད།
བཅོལ་བའི་ཕྲིན་ལས་མཛོད་ཀྱི་མཐའ་ཅན།
མེ་འབར་མའི་ནང་ས་པཎ་གྱིས་མཛད་པ་དེ་ལས་ཉུང་བར་འདུག །
ནག་པོ་ཆེན་པོའི་མངའ་གསོལ་
(࿄)
(མུ)
ཀྱཻ་རྡོ་རྗེ་དམ་པ་ཀུན་དགའ་གྲགས་ཀྱིས་ཤིང་ཀུན་དུ་རང་གི་བརྗེད་བྱང་དུ་བྲིས་པ། བྲག་རྩིཏྟ་དམར་པོ་ནས་གཏེར་ནས་བཏོན་པའི་ཐོ་ཡིག་ལ་བརྟེན་ནས་དམ་པའི་གཅུང་ཀུན་དགའ་དཔལ་གྱིས་མཛད་པའི་
(࿄)
བསྐང་གསོ་ཧེ་རུ་དཔལ་ཞེས་པའི་ཤོ་ལོ་ཀ་མགོར་ཡོད་པའི། དཔལ་ལྡན་མ་ཧཱ་ཀཱ་ལ་མ། ལ་ལ་དག་སྐྱེ་བ་སྔ་མར་བསྐང་གསོའི་ཐོ་བརྩམས་ནས་གཏེར་དུ་སྦས་པ་སྐྱེ་བ་འདིར་དྲན་ནས་མཛད་ཟེར་བ་རིག་བྱེད་ཙམ་སྟེ། བདག་ཆེན་རྡོ་རྗེ་འཆང་གིས། རྩོམ་པ་པོའི་ཐུགས་ཀྱི་དཀྱིལ་ལས་བཏོན་པར་ངོས་འཛིན་